e-texts navigator
Collection
Volume
Page
Wylie

260a1 ཐམས་ཅད་ཟླ་བ་དང་ཉི་མས་འགྲོ་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་བཀོད་ལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་ཞིག་གས་ནི་སེམས་ཅན་གཅིག་ཞན་ཐོས་ཀྱི
260a2 འཕྲུལ་གྱིས་འགྲོ་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་བཞག་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ།། འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང
260a3 བ་ཨ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ
260a4 བཀོད་ལ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་སེམས་ཅན་གཅིག་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་བཞག་ན།
260a5 འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ།། འཇམ་ད་པ་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད
260a6 ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་། ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གངྒཱའི་ཀླུང་གི
260a7 བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་དགེ་བསྙེན་དད་པ་ཅན་གསུམ་ལ་སྐྱབས་སུ་སོང་བ། བསླབ་པའི་གཞི་ལྔ་དང་ལྡན་པ། བཅོམ




iiif viewer powered by OpenSeadragon

259b - 260b

Texts on this page

S189 - 'phags pa nges pa dang ma nges par 'gro ba'i phyag rgya la 'jug pa zhes bya ba theg pa chen po'i mdo