e-texts navigator
Collection
Volume
Page
Wylie

258b1 འཇབ་དཔལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་ཡིན་པར་རིག་པར་བྱའོ།། འཇབ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས
258b2 ཕྱོགས་སུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཞལ་པས་རོ་བརྒྱ་དང་ལྡན་པ་ཕུལ་ཞིང་། ལྷའི་ན
258b3 བཟའ་དག་ཀྱང་ཕུལ་ཏེ། དེ་བཞིན་གཤེགས་པ་རེ་རེ་ལའང་ཉིན་གཅིག་བཞིན་དུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ནོར་བུ་རིན་པོ་ནི་དབང་གི་རྒྱལ་པོས་ཡོངས་སུ་གང་བར་བྱས
258b4 ནས་སྦྱིན་པ་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཕུལ་ལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གཞན་ཞིག་གིས་ནི་སེམས་ཅན་གཅིག་རྒྱུན་དུ་ཞུགས་པའི
258b5 འབྲས་བུལ་བཞག་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་དོ།། འཇམ་དཔལ་གལ་ཏེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་སུའི་འཇིག
258b6 རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་ལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི
258b7 སེམས་ཅན་གཅིག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཞག་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ།། འཇམ་དཔལ་གལ་ཏེ་རིགས་ཀྱི་བུ་འམ། རིགས




iiif viewer powered by OpenSeadragon

258a - 259a

Texts on this page

S189 - 'phags pa nges pa dang ma nges par 'gro ba'i phyag rgya la 'jug pa zhes bya ba theg pa chen po'i mdo