e-texts navigator
Collection
Volume
Page
Wylie

258a1 པར་ལྟ་བར་བྱེད་ཅིང་། གཞན་དག་ཀྱང་དབུལ་པོའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་འཇིག་རྟེན་ཐམས་ཅད་བྱམས་པས་ཁྱབ་པར་བྱེད་དེ།
258a2 ཀྱེ་མ་སེམས་ཅན་འདི་དག་ནི་མགོན་མེད་པ། སེམས་ཅན་འདི་དག་ནི་སྐྱབས་མེད་པ། སེམས་ཅན་འདི་དག་ནི་དཔུང་གཉེན་མེད་པ། སེམས་ཅན་འདི་དག་ནི་གླིང་མེད་པ། སེམས
258a3 འདི་དག་ནི་གནས་མེད་པ། སེམས་ཅན་འདི་དག་ནི་སྐྱོབ་པ་མེད་པ་ཡིན་ནོ། ཀྱེ་མ་ནམ་ཞིག་ན་བདག་སེམས་ཅན་འདི་དག་གི་མགོན་དུ་གྱུར་ཅིག་གུ། རྒྱངས་སུ་གྱུར་ཅིག་སུ།། དཔུང་གཉེན་དུ་གྱུར་ཅིག་ས
258a4 སྒྱིང་དུ་གྱུར་ཅིག་གུ། གནས་སུ་གྱུར་ཅིག་གུ། སྒྲུབ་པར་གྱུར་ཅིག་གུ་སྙམ་མོ།། འཇམ་དཔལ་དྲ་བར་ན་བྱའི་རྒྱལ་པོ་ནམ་མཁའ་ལྡིང་ལང་མོ་དང་། སྟོབས་དང་། མཐུ་ཆེན
258a5 པོ་ཐོབ་པ་དེ་ནི་འདོད་ན། རི་རབ་ཀྱི་རྩེ་མོ་ནས་རི་རབ་ཀྱི་རྩེ་མོར་འགྲོའོ།། འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུའི་བྱང་ཆུབ་སེམས་དཔའི་ཡང
258a6 དགེ་བའི་རྩ་བའི་སྟོབས་དང་། མགྱོགས་པ་དང་། ཤུགས་དང་། རྟུལ་བ་ཆེན་པོས་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གང་དུ་སྐྱེ་བར་འདོད་པ་དེར་ཡང་སྐྱེ་བར་འགྱུར་ལ།
258a7 ངན་སོང་ངན་འགྲོ་ལོག་པར་ལྷུང་བར་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་མགོན་དང་། སྐྱབས་དང་། དཔུང་གཉེན་དང་། གླིང་དང་། གནས་དང་། སྐྱོབ་པར་ཡང་འགྱུར་བ་དེ་ནི།




iiif viewer powered by OpenSeadragon

257b - 258b

Texts on this page

S189 - 'phags pa nges pa dang ma nges par 'gro ba'i phyag rgya la 'jug pa zhes bya ba theg pa chen po'i mdo