e-texts navigator
Collection
Volume
Page
Wylie

257a1 བྱེད། གཞན་དག་ཀྱང་སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། དེས་པ་རླུང་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་དྲན་པ་དང་།
257a2 བློ་གྲོས་དང་། བརྟན་པ་དང་། རྟོགས་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་དྲན་པ་དང་། བློ་གྲོས་དང་། བརྟན་པ་དང་། རྟོགས་པ་ཆུད་ཟོས་པའི
257a3 སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཚུལ་ལ་འཇུག་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་ཕ
257a4 རོལ་ཏུ་ཕྱིན་པའི་ལམ་གྱི་ཚུལ་ལ་འཇུག་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་སངས་རྒྱས་ཀྱི་རིགས་སུ་སྐྱེ་བ་རླུད་ཟོས་པའི་སེམས་ཅན་གྱི
257a5 ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་སངས་རྒྱས་ཀྱི་རིགས་སུ་སྐྱེ་བ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་དགེ་བའི་བཤེས
257a6 གཉེན་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་དགེ་བའི་བཤེས་གཉེན་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད
257a7 པར་བྱེད། དེ་སེམས་ཅན་ལ་པ་ན་པར་འདོད་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་སེམས་ཅན་ལ་ཕན་པར་འདོད་པ་ཆུད་ཟོས




iiif viewer powered by OpenSeadragon

256b - 257b

Texts on this page

S189 - 'phags pa nges pa dang ma nges par 'gro ba'i phyag rgya la 'jug pa zhes bya ba theg pa chen po'i mdo