| | e-texts navigator
|
255a1 བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བྱང་ཆུབ་སེམས་དཔའི་ཐབས་ལ
255a2 མཁས་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བྱང་ཆུབ་སེམས་དཔའི་བྱ་བ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ།
255a3 གཞན་དག་ཀྱང་བྱང་ཆུབ་སེམས་དཔའི་བྱ་བ་རླུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བྱང་ཆུབ་སེམས་དཔའི་མངོན་པར་འདུ་བྱེད་པའི་སྤྱོད་པའི་སྟོབས
255a4 ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བྱང་ཆུབ་སེམས་དཔའི་མངོན་པར་འདུ་བྱེད་པའི་སྤྱོད་པའི་སྟོབས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས
255a5 ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བྱང་ཆུབ་སེམས་དཔའི་སྤྱོད་པའི་གནས་རླུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བྱང་ཆུབ་སེམས
255a6 དཔའི་སྤྱོད་པའི་གནས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད་ལ། དེ་བྱམས་པ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་དང་། བཏང་སྙོམས
255a7 ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཆུད་ཟོས་པའི་སེམས་ཅན
iiif viewer powered by OpenSeadragon
254b - 255b