e-texts navigator
Collection
Volume
Page
Wylie

254b1 ཞིང་ཚོལ་བ་དང་། གང་དག་ལས་ཐོས་པདེ་དག་ལ་སྟོན་པ་ལ་གུས་པ་དྲག་པོ་ལྟ་བུ་སྐྱེད་པར་བྱེད་ལ། གཞན་དག་ཀྱང་བསླབ་པ་དེ་ཁོ་ན་ལ་འགོད། གཞན་བྱང་ཆུབ་སེམས་དཔའི་སྤྱོད་པ
254b2 ལ་བསླབ་པ་རྣམས་ལའང་རློམ་སེམས་མི་བྱེད། ཉེས་པ་བདེན་པ་དང་མི་བདེན་པས་གཞན་དག་ལ་གླེང་བར་མི་བྱེད། ཉེས་པ་གཞན་དག་གིས་འཁྲུལ་པའང་མི་འཚལ། གཞན་དག་ཀྱང
254b3 བསླབ་པ་ཁོ་ན་ལ་འགོད་པར་བྱེད། དེ་བྱང་ཆུབ་སེམས་དཔའི་ལས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད། གཞན་དག་ཀྱང་བྱང་ཆུབ་སེམས་དཔའི་ལས་རུད་ཟོས
254b4 བའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བྱང་ཆུབ་སེམས་དཔའ་ལམ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང
254b5 བྱང་ཆུབ་སེམས་དཔའ་ལམ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བྱང་ཆུབ་སེམས་དཔའི་སྤྱད་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ
254b6 རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བྱང་ཆུབ་སེམས་དཔའི་རྒྱུ་ཆུད
254b7 ཐོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བྱང་ཆུབ་སེམས་དཔའི་རྒྱུ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད




iiif viewer powered by OpenSeadragon

254a - 255a

Texts on this page

S189 - 'phags pa nges pa dang ma nges par 'gro ba'i phyag rgya la 'jug pa zhes bya ba theg pa chen po'i mdo