e-texts navigator
Collection
Volume
Page
Wylie

253b1 སྤྱོད་པར་མི་བྱེད། ཀུན་དགའ་ར་བ་འམ། གཙུག་ལག་ཁང་ངམ། འཆག་སར་སྤྱོད་ཡུལ་མཐུན་པར་གནས་པར་མི་བྱེད་ལ། ཉན་ཐོས་ཀྱི་ཐེག་པ་ཀློག་པར་མི་བྱེད། ཁ་ཏོན་མི་བྱེད།
253b2 དཔྱོད་ཅིང་ཁོང་དུ་ཆུད་པར་མི་བྱེད་ལ། གཞན་དག་ཀྱང་ཐ་ན་ཚིགས་སུ་བཅད་པ་གཅིག་ཀྱང་ཀློག་ཏུ་འཇུག་པར་མི་བྱེད། ཁ་ཏོན་མི་བྱེད། འཇུག་པར་མི་བྱེད། དེའང་ཀློག་པ་དེའང་ཐེག
253b3 པ་ཆེན་པོ་ཁོ་ན་ཀློག། གང་ཁ་ཏོན་བྱེད་པ་དེའང་ཐེག་པ་ཆེན་པོ་ཁོ་ན་ཁ་ཏོན་བྱེད། གང་སྟོན་པ་ཁོ་ན་དེའང་ཐེག་པ་ཆེན་པོ་སྟོན་ཅིང་། དེ་ལུས་དང་། ངག་དང་། ཡིད་ཡོངས་སུ་དག་ལ
253b4 ཚུལ་ཁྲིམས་དང་ལྡན་ཞིང་། དགེ་བའི་ཆོས་ཅན་ཡིན་ལ། གཞན་དག་ཀྱང་ལུས་དང་། ངག་དང་། ཡིད་ཡོངས་སུ་དག་པ་ལ་འགོད། ཚུལ་ཁྲིམས་དང་དགེ་བའི་ཆོས་ཅན་ལ་འགོད།། ཐེག
253b5 པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཐེག་པ་ཆེན་པོ་ཀློག་པ་རྣམས་དང་། ཐེག་པ་ཆེན་པོ་ཡོངས་སུ་འཛིན་པ་རྣམས་ལ་གུས་པ་དང་བཅས། ཞེ་ས་དང་བཅས་པར
253b6 བྱེད་ལ། དེར་གཞོལ། དེར་འབབ། དེར་བབ་ཅིང་དེ་དག་དང་ལྷན་ཅིག་ཏུ་གནས་ཏེ། དེ་དག་ལ་བསྙེན་ཅིང་སྟེན་ལ། བསྙེན་བཀུར་བྱེད་ཅིང་། དེ་དག་དང་ལྷན་ཅིག་ཏུ་འདྲིས་པར་བྱེད། ཀུན་ཏུ
253b7 སྤྱོད་ཅིང་ལོངས་སྤྱོད་པར་བྱེད་ལ། དེ་དག་དང་ཀུན་དགའ་ར་བའམ། གཙུག་ལག་ཁང་ངམ། འཆག་སར་སྤྱོད་ཡུལ་མཐུན་པར་གནས་པར་བྱེད། དེ་ཐེག་པ་ཆེན་པོ་ཡོངས་སུ་ཚོལ་ན




iiif viewer powered by OpenSeadragon

253a - 254a

Texts on this page

S189 - 'phags pa nges pa dang ma nges par 'gro ba'i phyag rgya la 'jug pa zhes bya ba theg pa chen po'i mdo