e-texts navigator
Collection
Volume
Page
Wylie

252b1 འཛིན་པ་རྣམས་ལ་ཅི་ནུས་ཅི་ལྕོགས་ཀྱིས་སྙིང་ནས་ལྷག་པའི་བསམ་པས་ཡོངས་སུ་འཛིན་པར་བྱེད་ཅིང་། དེ་སུ་དང་ཡང་ལྷན་ཅིག་འགྱེད་པ་དང་རྩོད་པར་མི་བྱེད་ལ། དེ་སྔོན་མ་བྱུང་བ་དང
252b2 མ་ཐོས་པའི་མདོ་སྡེ་རྣམས་ཚོལ་བའི་རང་བཞིན་ཅན་ཡིན་ཞིང་། གང་དག་ལས་ཐོས་པ་དེ་དག་ལ་སྟོན་པ་ལ་གུས་པ་དྲག་པོ་ལྔ་བུ་སྐྱེད་པར་བྱེད། བྱང་ཆུབ་སེམས་དཔའ་གཞན་བྱང་ཆུབ
252b3 སེམས་དཔའི་སྤྱོད་པ་ལ་མ་བསླབས་པ་དག་ལ་ཁྱད་དུ་གསོད་པར་མི་བྱེད་ལ། ཉེས་པ་བདེན་པ་དང་མི་བདེན་པས་གཞན་དག་ལ་གླེང་བར་མི་བྱེད་ལ། ཉེས་པ་གཞན་གྱི་འཁྲུལ་པའང་མི་ཚོལ
252b4 ཞི་ང་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་སློབ་པ་འདི་ནི། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་པ་ཡིན་པར་རིག
252b5 པར་བྱའོ། ། འཇམ་དཔལ་ཇི་ལྟར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལྔ་བུ་པ་ཡིན་པར་རིག་པར་བྱ་ཞ་ནར། འཇམ་དཔལ་དཔེར་ན་མི་ལ་ལ་ཞིག་འཇིག་རྟེན
252b6 གྱི་ཁམས་དེ་དག་ཉིད་འདའ་བར་འདོད་ལ། དེར་ཡང་དེའི་བྱ་བ་དང་། བྱ་བ་ཆེན་པོ་དང་། དོན་དང་། དོན་ཆེན་པོ་དང་། ཆེད་རྗེ་བ་དང་། ཆེད་ནི་རབ་ཅིག་ཡོད་ནས། དེ་འདྲི་སྙམ་དུ་སེམས་ཏེ།
252b7 བདག་གིས་རྫུ་འཕྲུལ་ཇི་ལྟ་བུ་ཞིག་གིས་འཇིག་རྟེན་གྱི་ཁམས་དེ་དག་མྱུར་དུ་འདའ་བར་བྱ་སྙམ་མོ།། དེའང་འདི་སྙམ་དུ་དཔྱོད་དེ། མལ་བདག་གིས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར




iiif viewer powered by OpenSeadragon

252a - 253a

Texts on this page

S189 - 'phags pa nges pa dang ma nges par 'gro ba'i phyag rgya la 'jug pa zhes bya ba theg pa chen po'i mdo