| | e-texts navigator
|
252a1 ཐེག་པ་ཁོ་ན་སྟོན་ཅིང་། ཐེག་པ་ཆེན་པོ་ལ་ཁོ་ན་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཐེག་པ་ཆེན་པོ་ཀློག་པ་རྣམས་དང་། ཐེག་པ་ཆེན་པོ་ཡོངས་སུ
252a2 འཛིན་པ་རྣམས་ལ་གུས་པ་དང་བཅས། ཞེས་དང་བཅས་པ་བྱེད་ཅིང་། དེར་གཞིལ། དེར་འབབ། དེར་བབ་ན་དེ་དག་དང་ལྷན་ཅིག་ཏུ་གནས་ཏེ། དེ་དག་ལ་བསྙེན་ཅིང་སྟེན་ལ་བསྙེན
252a3 བཀུར་བྱེད། དེ་དག་དང་ལྷན་ཅིག་ཏུ་འདྲིས་པར་བྱེད། ཀུན་ཏུ་སྤྱོད་ཅིང་ལོངས་སྤྱོད་པར་བྱེད། ཀུན་དགའ་ར་བ་འམ། གཙུག་ལག་ཁང་ངམ། འཆག་སར་སྤྱོད་ཡུལ་མཐུན་པར
252a4 གནས་པར་བྱེད་ལ། དེ་ཐེག་པ་ཆེན་པོ་ཡོངས་སུ་ཚོལ་ཞིང་སྡུད་ལ་འཆང་བར་བྱེད། མར་མེ་དང་། བདུག་པ་དང་། མེ་ཏོག་དང་། སྤོས་དང་། མེ་ཏོག་འཕྲེང་དང་། བྱུག་པར
252a5 གིས་མཆོག་ཏུ་གུས་པར་མཆོད་པར་བྱེད། དེ་ཐེག་པ་ཆེན་པོ་ཀློག་ཅིང་ཁ་ཏོན་བྱེད་ལ། དགའ་བ་དང་། མཆོག་ཏུ་དགའ་བས་ལུང་འབོག་པར་བྱེད། མ་བསླབས་པའི་བྱང་ཆུབ
252a6 སེམས་དཔའ་རྣམས་ལ་བརྙས་པའི་སེམས་མི་སྐྱེ། བཞིན་འཛུམ་པ་དང་གསོང་པོར་སྤྲུལ། ཚིག་མི་བརླང་།། མི་གཏུམ་མི་རྩུབ་པ་དང་། དགའ་བ་དང་། སྙན་པར་སྨྲ་ཞིང་། དེ
252a7 སྲོག་གི་ཕྱིར་ཡང་ཐེག་པ་ཆེན་པོ་མི་སྤོང་ལ། དེ་ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཐེག་པ་ཆེན་པོ་ཀློག་པ་རྣམས་དང་། ཐེག་པ་ཆེན་པོ་ཡོངས་སུ
iiif viewer powered by OpenSeadragon
251b - 252b