| | e-texts navigator
|
250b1 བ་དང་། དོན་དང་། དོན་རིན་པོ་དང་། རེ་ཆེད་དང་། ཆེད་ཆེ་རང་ཅིག་ཡོད་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་རྫུ་འཕྲུལ་ཇི་སྙ་བུ་ཞིག་གིས་འཇིག་རྟེན་གྱི་ཁམས་འདི་དག
250b2 འདའ་བར་བྱ་སྙམ་མོ། ། དེའང་འདི་སྙམ་དུ་དཔྱོད་དོ།། མ་ལ་བདག་གིས་ཉི་མ་དང་ཟླ་བའི་འགྲོ་བས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱ་གོར་མ་རག་སྙམ་ནས། འཇམ་དཔལ་མི་དེ་ནི
250b3 མ་དང་ཟླ་བའི་འགྲོ་བས་ལམ་དེར་ཞུགས་ན། འཇམ་དཔལ་འདི་ཇི་སྙམ་དུ་སེམས། མི་དེ་ཉི་མ་དང་ཟླ་བའི་འགྲོ་བའི་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་ནུས་སམ། འཇམ
250b4 དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་རྔོ་ཐོགས་ལགས་སོ།། བདེ་བར་གཤེགས་པ་ཡུན་རིང་པོ་དུས་རིང་མོ་ཞིག་གིས་རྔོ་ཐོགས་ལགས་སོ།། སོམ་ལྡན་འདས་ཀྱིས་བཀའ
250b5 སྩལ་པ། འཇམ་དཔལ་དེ་བཞིན་དུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཉན་ཐོས་ཀྱི་ཐེག
250b6 པ་པ་དག་དང་ལྷན་ཅིག་ཏུ་མི་གནས་ཏེ། ཉན་ཐོས་ཀྱི་ཐེག་པ་པ་དག་ལ་མི་བསྙེན་ཅིང་མི་སྟེན་ལ་བསྙེན་བཀུར་མི་བྱེད། ཉན་ཐོས་ཀྱི་ཐེག་པ་པ་དེ་དག་དང་ལྷན་ཅིག་ཏུ་འདྲིས་པར་མི་བྱེད།
250b7 ཀུན་ཏུ་སྤྱོད་ཅིང་ལོངས་སྤྱོད་པར་མི་བྱེད། ཀུན་དགའ་ར་བ་འམ། གཙུག་ལག་ཁང་ངམ། འཆག་སར་སྤྱོད་ཡུལ་མཐུན་པར་གནས་པར་མི་བྱེད་ལ། ཉན་ཐོས་ཀྱི་ཐེག་པ་ཀློག་པར
iiif viewer powered by OpenSeadragon
250a - 251a