| | e-texts navigator
|
250a1 དཔལ་དཔེར་ན་ཤིང་གི་སྡོང་པོ་ཆེན་པོ་སྲིད་དུ་དཔག་ཚད་སྟོང་ཞིག་ཡོད་ལ། དེའང་རྒྱ་མཚོ་ཆེན་པོ་ཁྱེར་བ་ལས། བར་སྣང་ལ་གནས་པའི་གནོད་སྦྱིན་དག་གིས་དེ་རྒྱ་མཚོ་ཆེན
250a2 པོའི་ལམ་ལས་ཕྱིར་ཕུལ་ཏེ་ཟློག་ནས། དེ་ལ་ལྕགས་ཀྱི་གར་བུ་དཔག་ཚད་ལྔ་སྟོང་ཡོད་པ་ཞིག་བཏགས་ན། འཇམ་དཔལ་འདི་ཇི་སྙམ་དུ་སེམས། ཤིང་གི་སྡོང་པོ་ཆེན་པོ་དེ་རྒྱ་མཚོ་ཆེན་པོ་ལ
250a3 འགྲོ་བའམ། སེམས་ཅན་བསྒྲལ་བའི་ཕྱིར་སྤྱད་པར་ནུས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ
250a4 ད་པལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་ཤིང་ཆེན་པོའང་ཉན་ཐོས་ཀྱི་ཐེག་པ་འཛིན་པའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པ
250a5 དེས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ལས་བྱིར་ཕུལ་ཞིང་བཟློགས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱ་མཚོར་ཡང་འགྲོ་བར་ཡང་མི་འགྱུར། འཁོར་བའི་རྒྱ་མཚོ་ལས་ཀྱང
250a6 སེམས་ཅན་རྣམས་སྒྲོལ་མི་ནུས་ཏེ། འཇམ་དཔལ་འདི་ནི་བྱང་ཆུབ་སེམས་དཔའ་གླང་པོ་ཆེའི་ཤིང་རྟས་འགྲོ་བ་ལྟ་བུ་ཡིན་པར་རིག་པར་བྱའོ།། འཇམ་དཔལ་ཇི་ལྟར་བྱང་ཆུབ་སེམས་དཔའ
250a7 ཉི་མ་དང་ཟླ་བས་འགྲོ་བ་ལྟ་བུ་ལ་ཡིན་པར་རིག་པར་བྱ་ཞེ་ན། འཇམ་དཔལ་དཔེར་ན་མི་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་དག་ཉིད་འདའ་བར་འདོད་ལ། དེར་ཡང་དེའི་བྱ་བ་དང་། བྱ་བ་ཆེན
iiif viewer powered by OpenSeadragon
249b - 250b