| | e-texts navigator
|
249b1 ཀྱང་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་པ་དེ་ནི་གནས་མ་མཆིས་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་དུ་རིགས་ཀྱི་བུ་འམ། རིགས
249b2 ཀྱི་བུ་མོ་གང་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཉན་ཐོས་ཀྱི་ཐེག་པ་པ་དག་དང་ལྷན་ཅིག་གནས་ཏེ། ཉན་ཐོས་ཀྱི་ཐེག་པ་པ་དག་ལ་བསྙེན་ཅིང
249b3 སྟེན་ལ་བསྙེན་བཀུར་བྱེད་ཅིང་། དེ་དག་དང་ལྷན་ཅིག་ཏུ་འདྲིས་པར་བྱེད་ལ། ཀུན་ཏུ་སྤྱོད་ཅིང་ལོངས་སྤྱོད་པར་བྱེད་ལ། ཀུན་དགའ་ར་བའམ། གཙུག་ལག་ཁང་ངམ། འཆག
249b4 སར་སྤྱོད་ཡུལ་མཐུན་པར་གནས་པར་བྱེད། ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཁ་ཏོན་བྱེད། སྤྱོད་ཅིང་ཁོང་དུ་ཆུད་པར་བྱེད་ལ། གཞན་དག་ཀྱང་ཀློག་ཏུ་འཇུག་པར་བྱེད་ཅིང་། ཁ་ཏོན
249b5 བྱེད་དུ་འཇུག་ལ་ཡོངསུ་སྦྱོང་བར་བྱེད་དུ་འཇུག་ན། ཉན་ཐོས་ཀྱི་ཐེག་པ་འཛིན་པའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པ་དེས་ཤེས་རབ་རྟུལ་པོར་འགྱུར་ཏེ། བླ་ན་མེད་པའི་ཡེ
249b6 ཤེས་ཀྱི་ལམ་ལས་ཕྱིར་འདྲེན་ཅིང་ཕྱིར་བཟློག་གོ། ། བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པའི་ཤེས་རབ་ཀྱི་དབང
249b7 པོ། ཤེས་རབ་ཀྱི་མིག་གང་ཡིན་པ་དེའང་དེའི་ཉན་ཐོས་ཀྱི་ཐེག་པ་འཛིན་ཅིང་འཆང་བའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པ་དེས་རྟུལ་པོར་བྱེད་ཅིང་ཉམས་པར་བྱེད་དོ།། འཇམ
iiif viewer powered by OpenSeadragon
249a - 250a