| | e-texts navigator
|
248a1 འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་གནས་མ་མཆིས་སོ།། བཅོམ་ལྡན་འདས་དེ་ནི་སྐ
248a2 མ་མཆིས་ཏེ། ཕྱུགས་ཀྱི་ཤིང་རྟ་ལ་འཚལ་བའི་མི་དེས་པ་སྐལ་པ་གཅིག་གམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་བྱེ་བ་ཕྲག་འབུམ་མམ། བསྐལ་པ་བརྗོད་དུ་མེད
248a3 པའི་ཡང་བརྗོད་དུ་མེད་པས་ཀྱང་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་པ་དེ་ནི་གནས་མ་མཆིས་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན།
248a4 དུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཐེག་པ་ཆེན་པོ་མི་འཛིན་མི་ཀློག་པར་ཉན་ཐོས་ཀྱི་ཐེག་པ་པ
248a5 རྣམས་དང་ལྷན་ཅིག་གནས་ཏེ། ཉན་ཐོས་ཀྱི་ཐེག་པ་པ་དག་ལ་བསྙེན་ཅིང་སྟེན་ལ་བསྙེན་བཀུར་བྱེད་ཅིང་། དེ་དག་དང་ལྷན་ཅིག་ཏུ་འདྲིས་པར་བྱེད་ལ། ཀུན་ཏུ་སྤྱོད་ཅིང་ལོངས་སྤྱོད་པར
248a6 བྱེད་ལ། ཀུན་དགའ་ར་བ་འམ། གཙུག་ལག་ཁང་ངམ། འཆག་སར་སྤྱོད་ཡུལ་མཐུན་པར་གནས་པར་བྱེད། ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཁ་ཏོན་བྱེད། སྤྱོད་ཅིང་ཁོང་དུ་ཆུད
248a7 པར་བྱེད་ལ། གཞན་དག་ཀྱང་ཀློག་ཏུ་འཇུག་པ་ནས། ཁོང་དུ་ཆུད་པའི་བར་དུ་བྱེད་ན། དེ་ཉན་ཐོས་ཀྱི་ཐེག་པ་འཛིན་པའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པོར་འདུ་བྱེད་པ་དེས
iiif viewer powered by OpenSeadragon
247b - 248b