e-texts navigator
Collection
Volume
Page
Wylie

247b1 ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ཡེ་གེས་ཀྱི་ལམ་ལས་ཕྱིར་མི་ལྡོག་པ་ཡིན་ནོ།། འཇམ་དཔལ་ཇི་ལྟར་བྱང་ཆུབ་སེམས་དཔའ
247b2 ཕྱུགས་ཀྱི་ཤིང་རྟས་འགྲོ་བ་ལྟ་བུ་ཡིན་པར་རིག་པར་བྱ་ཞེ་ན། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་སངས་རྒྱས་ཀྱི་ཞིང་ལྔ་བརྒྱའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན
247b3 གྱི་ཁམས་རྣམས་འདའ་བར་འདོད་ལ། དེར་ཡང་དེའི་བྱ་བ་དང་། བྱ་བ་ཆེན་པོ་དང་། དོན་དང་། དོན་ཆེན་པོ་དང་། ཆད་ཆེ་བ་དང་། ཆེད་ཆེ་རབ་ཅིག་ཡོད་ནས། དེ་འདི་སྙམ་དུ་སེམས་ཏེ།
247b4 བདག་གིས་བཞོན་པ་ཇི་ལྟ་བུ་ཞིག་གིས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱ་བ་སྙམ་མོ།། དེའང་འདི་སྙམ་དུ་དཔྱོད་དེ། མཱ་ལ་བདག་ཕྱུགས་ཀྱི་ཤིང་རྟ་ལ་ཞོན་ལ་འཇིག་རྟེན་གྱི་ཁམ
247b5 དེ་དག་འདའ་བར་བྱ་གོར་མ་ཆག་སྙམ་སྟེ། འཇམ་དཔལ་མི་དེ་ཕྱུགས་ཀྱི་ཤིང་རྟ་ལ་ཞོན་ཏེ། ལམ་དེར་ཞུགས་ནས། དེ་ཡུན་རིང་ཞིང་དུས་རིང་མོ་ཞིག་ན། དཔག་ཚད་བརྒྱར་བྱིན་པ
247b6 ལས། དེ་རླུང་གི་དཀྱིལ་འཁོར་ཆེན་པོས་དེ་ནས་བཟློགས་ནས། དཔག་ཚད་བརྒྱད་ཅུར་ཕྱིར་དེད་དེ་ཕུལ་ན། འཇམ་དཔལ་འདི་ཇི་སྙམ་དུ་སེམས། མི་དེས་བསྐལ་པ་གཅིག་གམ།
247b7 བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་བྱེ་བ་ཕྲག་འབུམ་མམ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པས་ཀྱང་འཇིག་རྟེན་གྱི་ཁམས་དེ་དག་འདའ་བ་འམ།




iiif viewer powered by OpenSeadragon

247a - 248a

Texts on this page

S189 - 'phags pa nges pa dang ma nges par 'gro ba'i phyag rgya la 'jug pa zhes bya ba theg pa chen po'i mdo