e-texts navigator
Collection
Volume
Page
Wylie

246b1 སོགས་པ་བྱང་ཆུབ་སེམས་དཔ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་ཐམས་ཅད་ཀྱང་རབ་ཏུ་ཞི་བ། རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ལ་གནས་པ། ཟབ་ཅིང་བརྟན་པའི་ནུའི་རྒྱུ
246b2 མཚོའི་དུས་རླབས་ཀྱི་ཏིང་ངེ་འཛིན་ཐོབ་པ། དབང་བསྐུར་བའི་གཟུངས་ཐོབ་པ། སངས་རྒྱས་ཀྱི་སྒྲ་མདོག་མཐའ་ཡས་པ་ཡོངས་སུ་འགྲུབ་པའི་གཟུངས་ཐོབ་པ་ཤ་སྟག་དང་ཐབས་ཅིག
246b3 ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཕྱག་རྒྱ་གང་གིས་བྱང་ཆུབ་སེམས་དཔའ་འདི
246b4 དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ངེས་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་ལྡོག་པར་འགྱུར་བའོ།། བྱང་ཆུབ་སེམས་དཔའ་འདི་དག་ནི་བླ་ན་མེད་པ་ཡང་དག
246b5 པར་རྫོགས་པའི་བྱང་ཆུབ་ཏུ་ངེས་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་མི་ལྡོག་པའོ་ཞེས་བགྱི་བར་བདག་གིས་འཚལ་བར་འགྱུར་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པ་དབ
246b6 མངེས་པར་འགྲོ་བའི་ཕྱག་རྒྱ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་པསན་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར
246b7 པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་ལྔ་པོ་འདི་དག་ཡིན་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཕྱུགས་ཀྱི་ཤིང་རྟས་འགྲོ་བ་ལྟ་བུ་དང་།




iiif viewer powered by OpenSeadragon

246a - 247a

Texts on this page

S189 - 'phags pa nges pa dang ma nges par 'gro ba'i phyag rgya la 'jug pa zhes bya ba theg pa chen po'i mdo