e-texts navigator
Collection
Volume
Page
Wylie

246a1 འཇོག་རྟེན་མགྲོན་སྟིས་དེ་གསུངས་ནས།། ཟས་པོ་འཇམ་པའི་དཀྱང་གལ་རྫོགས།། རབ་ཏུ་དམའ་ཞིང་ཡི་རངས་ཏེ།། སྟོན་པའི་བཀཱ་ལ་མངོན་པར་བསོད།
246a2 འཕགས་པ་འཇིག་རྟེན་གྱི་རྗེས་སུ་མཐུན་པར་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛི་ན་མིང་དང་། དྲན་ཙྪ
246a3 ལ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་རྗེས་བསྒྱུར་ཅིང་ནུས་ཏེ། སྐད་གསར་བ་ཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ། !། རྒྱགར།
246a4 སྐད་དུ། ཨཱརྱ་ནི་མ་ཏ་ཨ་ནི་ཡ་ཏཱ་ག་ཏི་མུདྲཱ། ཨ་བི་ཏ་ར་ནཱ་མ་མཧཱ་ཡཱན་བྷུང་། བོད་སྐད་དུ། འཕགས་པ་ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པ
246a5 མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི
246a6 རིལ་དགེ་སོང་སྐྱོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བྱེག་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་ལ་འདི་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་དང་།
246a7 སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། སྨན་གྱི་རྒྱལ་པོ་དང་། སྨན་གྱིས་ཡང་དག་འཕགས་དང་། མཆོད་རྟེན་མངོན་པར་བསྒྲགས་པའི་ཐ་སྐད་རྒྱལ་པོ་དང་། དེ་དག




iiif viewer powered by OpenSeadragon

245b - 246b

Texts on this page

S188 - 'phags pa 'jig rten kyi rjes su 'thun par 'jug pa zhes bya ba theg pa chen po'i mdo
S189 - 'phags pa nges pa dang ma nges par 'gro ba'i phyag rgya la 'jug pa zhes bya ba theg pa chen po'i mdo