| | e-texts navigator
|
240a1 གསུང་གི་གང་དག་བརྗོད་པ་དང་།། ཡིད་དང་ཡིད་ཀྱི་རྣམ་རྟོག་རྣམས།། རྒྱལ་བའི་ཐམས་ཅད་འཇིག་རྟེན་འདས།། འཇིག་རྟེན་ན་ནི་ཐུགས་བརྩེ་བས།། འཇིག
240a2 རྟེན་མགོན་པོ་འོད་མཛད་པ། ། འཇིག་རྟེན་ཇི་ལྟར་རྟོགས་པ་བཞིན།། སེམས་ཅན་རྣམས་ལ་ཆོས་སྟན་ཏོ།། འཇིག་རྟེན་འདས་པའི་སྤྱོད་རྣམས་ཀྱི།། སངས་རྒྱས་ཐམས་ཅད་ཡང་དག
240a3 འཕགས། ། དེ་དག་འཕྲིན་ལས་འཇིག་རྟེན་འདས།། རྣམ་པར་སྨིན་པ་བླ་ན་མེད།། གལ་ཏེ་འཇིག་རྟེན་རྣམ་འདྲེན་རྣམས།། འཇིག་རྟེན་མཐུན་པར་མི་འཇུག་ན།། སངས་རྒྱས་ཆོས་ཉིད
240a4 གང་ཡིན་དང་། ། སངས་རྒྱས་སུས་ཀྱང་ཤེས་མི་འགྱུར།། འཇིག་རྟེན་ཀུན་ལ་ཕན་བཞེད་པ།། སྐྱོབ་པ་རྫུ་འཕྲུལ་ལྡན་པའོ།། རང་བྱུང་སྡིག་པ་མི་མངའ་བ།། དེ་དག་གཡོ་བ
240a5 བསམ་མི་ཁྱབ། ། བདེ་བར་གཤེགས་པ་རྣམས་ཀྱི་སྐུ།། འཁྲིག་པ་ལས་ནི་བྱུང་མིན་ལ།། ཡབ་དང་ཡུམ་ཡང་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། བསྐལ་པ་བྱེ
240a6 བགྲངས་མེད་ནས། ། ཤེས་རབ་ཕ་རོལ་ཕྱིན་ལས་བྱུང་།། འོན་ཀྱང་བྱིས་པ་ཉིད་སྟོན་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། སངས་རྒྱས་འོད་ནི་དཔག་མེད་དེ།། ཕྱོགས་བཅུ་དག་ཏུ
240a7 སྣང་མཛད་ཀྱང་། ། འདོམ་གང་འོད་དུ་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། མི་ཡི་དམ་པ་ནམ་དུ་ཡང་།། ཞབས་གཉིས་ས་ལ་མི་རེག་སྟེ།། འོན་ཀྱང་ལམ་སྲང་དེ
iiif viewer powered by OpenSeadragon
239b - 240b