e-texts navigator
Collection
Volume
Page
Wylie

43b1 ཏེ་ཡང་དག་ཇི་བཞིན་ཚུལ་བཞིན་གནས་པར་བྱ། ། དེ་ནས་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་ཆགས་མེད་འགྲུབ།། ཡོན་ཏན་འདི་དག་རྟོགས་པས་འཕགས་པའི་རིགས་ལ་བསྟེན།། རང་གིས་འདིར་ནི་ཀུན་ཏུ
43b2 བ་བསྐྱེད་པར་བྱ། ། བསྟན་པ་ཡོན་ཏན་སྙིང་པོ་འདི་འདྲ་མ་སྤངས་ཤིག། བཱི་པ་ལྟ་བུར་འགྲོ་བ་ལྔར་ནི་འཁྱམས་པ་སྟེ། འདིར་ནི་རི་དང་དགོན་པ་ཕུག་ཏུ་གནས་པར་བྱ།། དེར་གནས་ནས་ནི་བདག་མི་བསྙེམས་ཤིང
43b3 གཞན་མི་སྤོང་། ། སྔོན་ཆད་སངས་རྒྱས་བྱེ་བ་ཕྲག་བརྒྱ་མཉེས་མ་བྱས།། རྗེས་སུ་དྲན་ནས་རྟག་པར་རྒྱུན་དུ་བདག་ལ་སྤྱོད།། ལུས་དང་སྲོག་ལ་སྲེད་པ་མ་ཆགས་སྤང་བར་བྱ།། གུས་པ་དྲག་པོ་བསྐྱེད་ནས་ཆོས
43b4 ལ་བརྩོན་པར་གྱིས། ། ང་ཡིས་མདོ་འདིར་བསྒྲུབ་པ་བཤད་པ་འདི་གནས་ནས།། དེ་དག་རྣམས་ཀྱིས་ཕྱི་ནས་བྱང་ཆུབ་རྙེད་མི་དཀའ།། གང་དག་རྒྱལ་བའི་ཐེག་པ་འདི་ལ་དགའ་བརྩོན་པ།། ཐོས་ནས་ཕྱིར་ཡིང
43b5 ནི་འཇུག་པར་བྱ་བའི་རིགས། ། དེ་ལྟ་བས་ན་བསྟན་ལ་མོས་པ་བསྐྱེད་པར་བྱ།། རྣམ་པར་རྒྱུ་བའི་ཚེ་ན་ཕྱིས་འགྱོད་གྱུར་ཏ་རེ།། ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔའ་གང་དག་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སྤྱོད
43b6 པ་ཡང་གང་ཞིག་བདག་འདི་བསླབ་བོ། ། བདག་སྡོམ་པ་འདི་ལ་གནས་པར་བྱའོ་སྙམ་དུ་ཆོས་ཀྱི་རྣམ་གྲངས་འདི་ལ་ནན་ཏན་གྱིས་བསྒྲུབ་ན། བསོད་ནམས་ཀྱི་ཕུང་པོ་དེ་བསོད་ནམས་ཀྱི་ཕུང་པོ་འདིའི་གན་ན།
43b7 བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟེ། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། བཅོམ་ལྡན་འདས




iiif viewer powered by OpenSeadragon

43a - 44a

Texts on this page

S178 - 'phags pa yul 'khor skyong gis zhus pa zhes bya ba theg pa chen po'i mdo