| | e-texts navigator
|
42b1 བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན། རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ཅེས་བྱ་བར་གྱུར་ཏོ།། གྲོང་ཁྱེར་གྱི་ལྷ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་མི་འཁྲུགས་པར་གྱུར་ཏོ།།
42b2 ཡུལ་འཁོར་སྐྱོང་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས། ལྷག་པའི་བསམ་པས་སྒྲུབ་པ་དང་།
42b3 སྡུག་པ་དང་མི་སྡུག་པ་ཡོངས་སུ་སྤངས་པ་དང་། བག་ཡོད་པའི་སྤྱོད་པས་རྒྱལ་དུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་དེའི་རྗེས་སུ་བསླབ་པར་བྱའོ།། ངས་བྱ་དཀའ་བ་མངོན་པར་འདུ་བྱ་བ་དེ་ལྟ་བུས་བླ་ན་མེད་པ་ཡང
42b4 དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ། ། དེ་ལྟ་བས་ན་དེ་དག་མི་བརྩོན་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚོགས་སུ་བཅད་པ་ལྷུར་ལེན་པ་དང་། ཤེས་ཀྱི་ལེ་ལ་ཆགས་པ་དང་། ང་རྒྱལ་གྱིས་བཅོམ
42b5 པ་དང་། འདོད་པའི་རྒྱུས་ཉོན་མོངས་པ་དག་ཤ་ཐང་བ་དང་། འདོད་པའི་རྒྱུས་བསྟན་པ་ལས་རིང་དུ་གྱུར་པ་དང་། དགེ་སྦྱོང་སུན་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་དམུ་རྒོད་དང་། ལུས་དང་། ངག
42b6 དང་སེམས་མི་དྲང་བ་དང་། ལྟས་ལྟ་བ་དང་། ཁས་འཆེ་བ་ནོར་བ་དང་། རང་གིས་དམ་བཅས་པ་ལས་ཉམས་པ་དང་། གོས་དང་། ཟས་དང་། མལ་ཆ་དང་། ན་བའི་ཆེད་ཀྱི་སྨན་དང་། ཡོ་བྱད་ཀྱི
42b7 མཚན་མ་ལ་ཆགས་པ་དང་། ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པ་དང་། ཆོ་གས་ཉམས་པ་དང་། དམ་པའི་ཆོས་མ་ཡིན་པ་ལ་འཇུག་པ་དང་། སྤྱོད་ཡུལ་དང་བྲལ་བ་དང་། སངས་རྒྱས་ཀྱི་སྤྱོད་ཡུལ་ལས་རི
iiif viewer powered by OpenSeadragon
42a - 43a