e-texts navigator
Collection
Volume
Page
Wylie

40a1 དགའ། ། ཡབ་དང་ཡུམ་དང་སྲས་དང་བུད་མེད་རྣམས་ཀྱང་བཏང་།། གཉེན་རྣམ་མྱ་ངན་ནོན་ཏེ་རྣམ་པར་བརྒྱལ་ཞིང་དུ།། སེམས་ཅན་དམ་པ་བྱེ་བ་བརྒྱ་ལྷས་ཡོངས་བསྐོར་ནས།། ནགས
40a2 གནས་གཅིག་པོ་འབྱུང་བར་གདའ་བའང་མཛད། ། ཁྱོད་ནི་བདུད་བཞི་ཕམ་པར་མཛད་ནས་ཡུན་རིང་ཡང་།། ཞིང་ན་བདུད་འདུལ་བར་ཡང་གདའ་བ་སྟོན་པར་མཛད།། སྔོན་ཆད་འཁོར་ལོ་བསམ་གྱིས་མི་ཁྱབ
40a3 ཡོངས་བསྐོར་ཀྱང་། ། ཁྱོད་ནི་ཐུགས་རྗེས་འཁོར་ལོ་བསྐོར་བར་གདའ་བ་མཛད།། རྟག་ཏུ་རྟག་ལྟ་འདུ་ཤེས་ལྡན་པའི་འགྲོ་གཟིགས་ནས།། མྱ་ངན་བཟླ་ཞེས་འཁོར་གྱི་ནང་དུ་ཆོག་ཏུ་གསུངས།། རྟག་ཏུ
40a4 འཁོར་བར་གདའ་བའི་འགྲོ་བ་གཟིགས་ནས་ནི། ། ཁྱོད་ནི་ཞི་བ་བསིལ་གྱུར་མྱ་ངན་འདས་པ་གསུང་།། ཁྱོད་ཀྱི་བསོད་ནམས་ཡེ་ཤེས་ཤེས་རབ་ཐབས་མཚུངས་མེད།། ཐུབ་པ་ཁྱོད་སྐུ་འོད་ཀྱིས་ཞིང་མང་རྒྱས
40a5 པར་འགེངས། ། ཕྱོགས་རྣམས་དག་ན་འདྲེན་པ་ཁྱོད་ཀྱི་བསྔགས་པ་གསུང་།། ཀུན་ཏུ་སྤྱོད་ཡུལ་ཐུབ་པའི་རྒྱལ་ལ་ཕྱག་འཚལ་ལོ།། ཆོས་ཉིད་མ་ལུས་བརྙེས་པར་གྱུར་ལ་ཕྱག་འཚལ་ལོ།། སེམས
40a6 ཅན་ཀུན་གྱི་བགྱི་བར་སྒྱུ་མ་ལྟར་གདའ་ཡང་། ། ཐུབ་པ་ཁྱོད་ནི་གང་དུ་བཞུད་པའམ་བྱོན་མ་ལགས།། སྒྱུ་མའི་ཆོས་ཚུལ་གནས་ལ་མངོན་པར་ཕྱག་འཚལ་ལོ།། འགྲོ་བའི་དོན་དུ་གང་གིས་བྱང་ཆུབ་མཆོག
40a7 ཐོབ་པ། ། ལམ་མཆོག་མི་ཡི་དཔའ་བོ་ཁྱོད་ལེགས་གསུང་།། བདག་གིས་ཆོས་ཉིད་འདི་ནི་མྱུར་དུ་སངས་རྒྱས་ནས།། མི་དཔའ་འགྲོ་བའི་དོན་དུ་ཆོས་ཉིད་བཤད་པར་བགྱི།། མི་ཡི་དཔའ་བོ་ཐུབ་པ་ཀུན




iiif viewer powered by OpenSeadragon

39b - 40b

Texts on this page

S178 - 'phags pa yul 'khor skyong gis zhus pa zhes bya ba theg pa chen po'i mdo