e-texts navigator
Collection
Volume
Page
Wylie

39b1 མངའ་ཐུབ་པའི་སྐུ་ལ་ཕྱག་འཚལ་ལོ། ། བསྐལ་པ་བྱེ་བརྒྱ་བསམ་གྱིས་མི་ཁྱབ་བརྟུལ་ཞུགས་སྤྱད།། བསྐལ་པ་བྱེ་བ་བརྒྱ་མང་སངས་རྒྱས་བསྟི་སྟང་མཛད།། སྔོན་ཆད་མཆོད་སྦྱིན་བརྒྱ་ཕྲག་བསམ་གྱིས་མི
39b2 ཁྱབ་མཛད། ། ངས་ན་ཁྱོད་སུ་བཟང་ཞིང་ཤིན་ཏུ་མཛེས་པ་ལགས།། སྦྱིན་དང་ཚུལ་ཁྲིམས་ཏིང་ངེ་འཛིན་དང་ཤེས་རབ་དང་།། བཟོད་དང་བརྩོན་འགྲུས་བསམ་བཏན་ཐབས་ཀྱིས་ཁྱོད་གཟུགས་སྦྱངས།།
39b3 ཁྱོད་ཀྱི་སྤྱན་སྔར་བརྒྱ་བྱིན་ཚངས་འོད་གསལ་མ་ལགས།། ཆུ་ཤེལ་ནོར་བུ་ཀློག་གི་འོད་ཀྱང་མཛེས་མ་ལགས།། འགྲོ་བའི་དོན་དུ་ཡིད་དུ་མཆི་བའི་གཟུགས་ཀྱང་སྟོན།། ཆུ་ཟླ་འདྲ་ཞིང་སྒྱུ་མ་འདྲ་བར་གདའ་བ
39b4 ལགས། ། རང་གི་ཕྱོགས་རྣམས་ཀུན་ཏུ་རྒྱལ་བའི་སྐུ་ཡང་གདའ།། བདེ་གཤེགས་རྣམས་ཀྱི་སྐུ་ཡི་ཚད་ནི་གདའ་མ་ལགས།། ཁྱོད་ནི་དགའ་ལྡན་འགའ་ཞིག་ན་ཡང་བཞུགས་པར་གདའ།། འཆི་འཕོ
39b5 མཛད་ཅིང་རབ་དཀར་གླང་པོར་གྱུར་ནས་ནི། ། དཔའ་བོ་སུམ་གྱི་ལྷུམས་སུ་གཤེགས་པར་གདའ་བར་མཛད།། ཐུབ་ཆེན་ནམ་མཁའ་ལྟ་བུར་ཐམས་ཅད་རྗེས་སུ་ཞུགས།། བཅོམ་ལྡན་ཕྱོགས་གར་བ
39b6 པབར་སྟོན་པའང་མཛད་པ་སྟེ། ། ས་འགའ་ངག་ཏུ་གོམ་པ་བདུན་འདོར་གདའ་བ་མཛད།། ང་ནི་ལྷ་མིར་བཅས་འགྲོ་ནང་གཙོ་ཤིན་ཏུ་ལྷ།། འགྲོ་བ་སྡུག་བསྔལ་མཚོ་ལས་གདོན་ཅེས་གསུང་ཡང་ཕྱུང་།། ཐུབ
39b7 ཁྱོད་ཆོས་གང་ལ་ཡང་ཐེ་ཙོམ་མི་མངའ་ཡང་། ། ཡི་གེ་ཤེས་པ་སློབ་ལྟར་འཇིག་རྟེན་དག་ན་གདའ།། བསམ་གཏན་ཏིང་འཛིན་སྤྱོད་ཡུལ་ཞིང་བརྙེས་གྱུར་ཀྱང་།། ཁ་ཅིག་ཏུ་ནི་བུད་མེད་ནང་ན་བཞུགས་པར




iiif viewer powered by OpenSeadragon

39a - 40a

Texts on this page

S178 - 'phags pa yul 'khor skyong gis zhus pa zhes bya ba theg pa chen po'i mdo