e-texts navigator
Collection
Volume
Page
Wylie

38b1 འཐོབ་པར་འགྱུར། ། དམ་པའི་ཞིང་དུ་ལུས་དང་ངག་ཡིད་ཀྱིས།། སེམས་ཅན་དག་ནི་རྣམ་པར་དག་པར་འགྱུར།། རྒྱལ་བ་མཆོད་པའི་མི་ཡིས་འདི་ལ་སོགས།། ཡོན་ཏན་རྣམ་པ་དུ་མ་འཐོབ་པར་འགྱུར།།
38b2 མཐོ་རས་ཐར་པ་མི་ཡི་བདེ་བ་དང་།། འགྲོ་བ་ཀུན་གྱི་བསོད་ནམས་གཏེར་ཐོབ་འགྱུར།། ཁྱོད་ཀྱི་བརྗོད་དང་གྲགས་པ་རྒྱ་ཆེན་པོ།། ཕྱོགས་རྣམས་ཀུན་གྱི་ཞིང་མང་བརྒྱར་ཡང་མཆིས།། རྒྱལ་བ་ཁྱོད་ཀྱི
38b3 བསྔགས་པའི་འཕྲེང་བ་ནི། ། བདེ་བར་གཤེགས་རྣམས་འཁོར་དུ་རྟག་པར་སྒྲོགས།། རིམས་ནད་བྲལ་ཞིང་འགྲོ་བ་ཐར་མཛད་པ།། མཐོང་ན་དགའ་བ་ཐུགས་རྗེ་མཆོག་ལྡན་པ།། བཅོམ་ལྡན་དབང་པོ་ཞི་བ་ཞི་དགྱེས
38b4 པ། ། མི་མཆོག་དམ་པ་ཁྱོད་ལ་ཕྱག་འཚལ་ལོ།། བདག་གིས་རྒྱལ་བ་ཁྱོད་ཀྱི་གསུང་ཐོས་ནས།། མངོན་པར་ཤེས་པ་ལྔ་ཐོབ་མཁས་ལ་གནས།། དཔའ་བོ་བདེ་གཤེགས་མཚུངས་པར་བདག་འགྱུར་ཏེ།
38b5 དྲི་མེད་ཆོས་ནི་འགྲོ་ལ་རྣམ་པར་དབྱེ།། ལྷ་དང་མེ་དང་ཀླུས་མཆོད་བདེ་བར་གཤེགས།། ཡོན་ཏན་ཀུན་གྱི་མཐར་ཕྱིན་དེང་བསྟོད་པས།། བསོད་ནམས་རྒྱ་ཆེན་གང་བསྒྲུབས་གྱུར་པ་འདིས།། འགྲོ་བསང
38b6 རྒྱས་གོ་འཕང་ཐོབ་པར་ཤོག། ཡུལ་འཁོར་སྐྱོང་དེ་ནས་མཚན་མོ་དེའི་ནམ་ནངས་པ་དང་།། རྒྱལ་པོ་འོད་ཟེར་ལྡན་གྱིས་གཞོན་ནུའི་བུད་མེད་ཀྱི་འཁོར་དུ་བའི་སྒྲ་ཐོས་སོ།། ཐོས་ནས་ཀྱང་མྱུར་བ་མྱུར་བར་རིང
38b7 པའི་གཟུགས་ཀྱིས་གྲོང་ཁྱེར་དགའ་མཆོག་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། ། ཁྱེད་ཅིའི་ཕྱིར་དུ། དེ་དག་གིས་སྨྲས་པ།། རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་མི་གདའ་བའི་སླད་དུའོ།།




iiif viewer powered by OpenSeadragon

38a - 39a

Texts on this page

S178 - 'phags pa yul 'khor skyong gis zhus pa zhes bya ba theg pa chen po'i mdo