| | e-texts navigator
|
37a1 ཚེམས་བཟང་ཤིན་ཏུ་བརྟན་པ་རྡོ་རྗེ་འདྲ།། བཅུ་དང་སུམ་ཅུ་སྙོམས་ཤིང་ཐགས་བཟང་བ།། འཛུམ་པ་མཛད་ནས་འགྲོ་བ་འདུལ་བར་བགྱིད།། བདེན་གཏམ་སྙན་པ་ཁྱོད་ལ
37a2 ཕྱག་འཚལ་ལོ། ། རྒྱལ་བ་ཁྱོད་ཀྱི་གཟུགས་དང་མཚུངས་མ་མཆིས།། འོད་ཀྱིས་ཞིང་བརྒྱད་དག་ཀྱང་སྣང་བར་བགྱིད།། འཇིག་རྟེན་ན་ནི་ཚངས་དབང་སྐྱོང་དེ་དག། བཅོམ་ལྡན་ཁྱོད་ཀྱི་འོད་ཀྱིས་ཟིལ་དུ
37a3 རཱག། ཨེ་ནྱའི་བྱིན་པ་མཉམ་མེད་བཅོམ་ལྡན་འདས།། གླང་པོའི་རྒྱལ་པོ་རྨ་བྱ་སེང་གེའི་སྟབས།། བཅོམ་ལྡན་གཉའ་ཤིང་གང་དུ་གཟིགས་ཤིང་གཤེགས།། ས་དང་རི་དང་དམ་པ་གཡོ་བར་མཛད།།
37a4 བཅོམ་ལྡན་འདས་སྐུ་མཚན་གྱིས་རྒྱས་པ་སྟེ།། ཁྱོད་ཀྱི་པགས་པ་འཇམ་ཞིང་གསེར་མདོག་འདྲ།། འགྲོ་བ་གཟུགས་འདི་བལྟ་བས་ངོམས་མི་འགྱུར།། ཁྱོད་ནི་མཚུངས་པ་མ་མཆིས་གཟུགས་དང་ལྡན
37a5 ཁྱོད་སྔོན་བསྐལ་པ་བརྒྱར་ནི་དཀའ་ཐུབ་སྤྱད། ། ཁྱོད་གཏོང་དུལ་དང་སྦྱིན་པ་ཀུན་ལ་དགྱེས།། སེམས་ཅན་ཀུན་ལ་ཐུག་རྗེ་བྱམས་ཐུགས་ལྡན།། མཆོག་ཏུ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།། ཁྱོད་ནི
37a6 སྦྱིན་དང་ཚུལ་ཁྲིམས་རྟག་ཏུ་དགྱེས། ། ཁྱོད་ནི་བཟོད་དང་བརྩོན་འགྲུས་དགྱེས་རབ་བརྟན།། ཁྱོད་ནི་བསམ་གཏན་ཤེས་རབ་འོད་གཟི་མངའ།། མཚུངས་མེད་ཡེ་ཤེས་མངའ་ལ་ཕྱག་འཚལ་ལོ།། ཁྱོད་ནི
37a7 སྨྲ་བ་ངན་པའི་ཚོགས་ཅན་འཇོམ། ། ཁྱོད་ནི་སེང་གེ་ལྟ་བུར་འཁོར་དུ་སྒྲོགས།། ཁྱོད་ནི་སྨན་པའི་རྒྱལ་པོ་དྲི་གསུམ་སེལ།། མཆོག་ཏུ་དགའ་མཛད་ཁྱོད་ལ་ཕྱག་འཚལ་ལོ།། ཐུབ་པ་སྐུ་གསུང་ཐུགས
iiif viewer powered by OpenSeadragon
36b - 37b