e-texts navigator
Collection
Volume
Page
Wylie

36b1 བསོད་ནམས་ཀྱི་འོད་ཟེར་གྱི་ལྷག་པའི་བསམ་པ་མཁྱེན་ནས། བྱང་ཆུབ་སེམས་དཔའ་སྤྱོད་པ་རྒྱ་ཆེར་ཡང་དག་པར་བསྟན་ཏོ།། རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་གྱིས། དེ་ཐོས་ནས་རྣམ་པར
36b2 ཐར་པ་ཞེས་བྱ་བའི་གཟུངས་ཐོབ་བོ། ། མངོན་པར་ཤེས་པ་ལྔ་ཡང་ཐོབ་སྟེ། དེ་ནམ་མཁའ་ལ་གནས་ནས་མེ་ཏོག་རྣམས་མངོན་པར་སྤྲུལ་ཏེ། དེ་བཞིན་གཤེགས་པ་དེ་ལ་གཏོར། མངོན་པར་གཏོར
36b3 ཏོ། ། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་བར་སྣང་དེ་ལས་བབས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་གྲུབ་བློ་དེ་ལ་ཚིགས་སུ་བཅད་པས་མངོན་པར
36b4 བསྟོད་པ། ། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའོ་ཞལ།། གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ།། རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས།། མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག
36b5 འཚལ་ལོ། ། རྒྱལ་བའི་དབུ་སྐྲ་འཇམ་མཛེས་སྣུམ་ཞིང་བཟང་།། ཁྱོད་ཀྱི་གཙུག་ཏོར་འདི་ན་རི་རྒྱལ་བཞིན།། གཙུག་ཏོར་མི་མཐོང་ཁྱོད་དང་མཚུངས་མ་མཆིས།། ཐུབ་པ་ཁྱོད་ཀྱི་སྨིན་མཚམ
36b6 མཛོད་སྤུ་མཛེས། ། ཀུན་དཟླ་བ་ཁ་བ་དུང་ལྟར་དཀར།། ཐུགས་རྗེ་གང་གིས་འགྲོ་བ་འདི་གཟིགས་པ།། སྤྱན་མཆོག་བཟང་པོ་ཨུཏྤལ་སྔོན་པོ་འདྲ།། རྒྱལ་བ་དྲི་མེད་སྤྱན་ལ་ཕྱག་འཚལ་ལོ།།
36b7 ལྗགས་ཡངས་སྲབ་ལ་ཟངས་ཀྱི་མདོག་འདྲ་བ།། དེ་ཡིས་རང་གི་ཞལ་གྱི་གདོང་ཡང་ཁེབས།། ཆོས་གསུང་བས་ནི་འགྲོ་བ་འདུལ་བར་བགྱིད།། འཇམ་སྐུམ་གསུང་ལྡན་ཁྱོད་ལ་ཕྱག་འཚལ་ལོ།།




iiif viewer powered by OpenSeadragon

36a - 37a

Texts on this page

S178 - 'phags pa yul 'khor skyong gis zhus pa zhes bya ba theg pa chen po'i mdo