| | e-texts navigator
|
36a1 མོ་བར་སྣང་ལྷ་ལས་ཐོས་ལགས་ཏེ། ། ཐོས་ནས་སྐྱོ་སྟེ་བདག་ནི་འདིར་མཆིས་ན།། མི་རྣམས་བག་མཆིས་འགྱུར་བ་ཇི་ལྟ་བུ།། ལམ་ཉམས་པ་ལ་དེ་རིང་སྟོན་གྱུར་ཅིག། ལྗོངས
36a2 པར་གྱུར་པའི་མིག་ཏུ་དེར་གྱུར་ཅིག། དད་པའི་འབྱུང་གནས་གསོ་མཛད་ཐུགས་རྗེ་ལྡན།། གཡངས་ཆེན་པོ་འདི་ལས་བདག་ཕྱུང་ཞིག། དབུལ་པོ་གྱུར་པ་དག་ནི་བསྡུ་བར་མཛོད།། མགོན་པོ་བཅིངས
36a3 པ་བདག་ནི་དེང་སྒྲོལ་མཛོད། ། སོམ་ཉི་བཅོས་པའི་ཡིད་གཉིས་བཅད་དུ་གསོལ།། བྱང་ཆུབ་ལམ་ལ་སྤྱོད་པ་བདག་ལུང་སྟོན།། ཆུས་ཁྱེར་བདག་ལ་འགྲམ་ནི་བསྟན་དུ་གསོལ།། མུན་པ་བདག་ལ
36a4 སྒྲོན་མ་མཛད་དུ་གསོལ། ། རྨར་གྱུར་པདག་ལ་རྨ་མེད་མཛད་དུ་གསོལ།། སྨན་པའི་རྒྱལ་པོ་བདག་གིཟུག་རྔུ་ཕྱུང་།། ཁྱོད་ཀྱིས་ངན་འགྲོ་དག་ལས་བདག་ཐར་མཛོད།། སྲིད་པར་དམིགས་པ
36a5 འཛིན་པ་གཅད་དུ་གསོལ། ། ཡན་ལག་བརྒྱད་པའི་ལམ་གྱི་ལམ་ཚན་གྱིས།། མྱ་ངན་ཆུ་ཆེན་ཕ་རོལ་བསྒྲལ་དུ་གསོལ།། སྲོག་ནི་ཟད་པའི་ཆོས་ཅན་ཚེ་ཡང་ཐུང་།། དགེ་བ་བར་ཆད་མང་པོ་འབྱུང
36a6 བ་སྟེ། ། བསོད་ནམས་རྣམ་སྨིན་རིང་པོར་མོ་ཐོགས་འགྲུབ།། བདག་གིས་དལ་བ་གདོད་རྙེད་ཅིག་ངེས་གསུངས།། བྱང་ཆུབ་སེམས་དཔའ་ཇི་ལྟར་བག་མཆིས་འགྱུར།། ཇི་ལྟར་བྱང་ཆུབ་སྤྱོད་པ
36a7 མཆོག་སྤྱད་ན། ། འགྲོ་བ་སྲིད་པའི་འཆིང་ལས་ཐར་འགྱུར་བ།། འཇིག་རྟེན་མགོན་པོ་དེ་དག་བདག་ལུང་སྟོན།། ཡུལ་འཁོར་སྐྱོང་དེ་ནས་དེ་བཞིན་གཤེགས་པ་དོན་གྲུབ་བློས།། རྒྱལ་བུ་གཞོན་ནུ
iiif viewer powered by OpenSeadragon
35b - 36b