e-texts navigator
Collection
Volume
Page
Wylie

406b1 འདུན་དང་བཅས་པར་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་ཁོ་ནའི་དུས་ཀྱི་ཚེ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས
406b2 དང་། དགེ་བའི་སྟེན་དང་གནས་པར་བྱའི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་སྟེན་དང་གནས་པར་མི་བྱའོ་ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང
406b3 ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་འདིར་བདག་གཅིག་པུ་དབེན་པར་མཆིས་ནས་ནང་དུ་ཡང་དག་འཇོག་ལ་ཞུགས་པ་ན་སེམས་ལ་འདི་ལྟ་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་བྱུང་སྟེ། འདི་ལྟ་སྟེ།
406b4 དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་སྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགས་ཀྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་སྟེན་ནི་དེ་ལྟ་མ་ལགས་སོ།
406b5 སྙམ་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀུན་དགའ་བོ་ཁྱོད་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་སྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ཡིན་གྱི
406b6 སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་སྟེན་ནི་དེ་ལྟ་མ་ཡིན་ནོ་ཞེས་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་།
406b7 དགེ་བའི་སྟེན་འདི་ནི་ཚངས་པར་སྤྱོད་པའི་རིལ་པོ་དང་། མ་འདྲེས་པ་དང་། ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་ཡིན་གྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་སྟེན




iiif viewer powered by OpenSeadragon

406a - 407a

Texts on this page

S175 - 'phags pa dge ba'i bshes gnyen bsten pa'i mdo