| | e-texts navigator
|
90b1 ཞེས་བྱ་བར་ཟུང་ཞིག། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་ཞེས་བྱ་བར་ཟུང་ཞིག། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་གཟུང་འཛིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན
90b2 འདས་དེ་བཞིན་གཤེགས་པས་བསྟན་པ་ལྟར་ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་དཔག་ཏུ་མ་མཆིས་པ་རྣམས་ལ་སྨན་པ་དང་། བདེ་བ་ཆེན་པོ་མཛད་པའི་སླད་དུ་སྡིག་སྦྱངས་པ་དང་། སངས་རྒྱས་སུ
90b3 འགྲུབ་པར་མཛད་པའི་མདོ་སྡེ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ནི་ལམ་མོ།། ཉན་ཐོས་རྣམས་ཀྱི་ནི་མིག་གོ།། ལྷ་དང་མི་རྣམས་ཀྱི་ནི་ཁང་ཁྱིམ་ལགས
90b4 ཏེ། དེ་ལྟ་བུ་བསམ་གྱིས་མི་ཁྱབ་པའི་དོན་དང་ལྡན་པ་བདག་གིས་གཟུངས་སུ་གཟུང་བར་བགྱིའོ།། ལྷ་དང་མི་གང་ནས་གང་དུ་གནས་པ་དེ་དང་དེར་རྒྱ་ཆེར་སྤེལ་བར་བགྱིའོ།། རྒྱུན་མི་འཆད་ཅིང་ཡུན
90b5 དུ་གནས་པར་བགྱིའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ།། ཁྱེད་ནི་སྐྱེས་བུ་དམ་པ་ཡིན་ཏེ། སྡེ་སྣོད་ཆེན་པོ་དཔག་ཏུ་མེད་པ་ཐམས་ཅད་གཟུངས་སུ་འཛིན་པ་ལགས་ཏེ།
90b6 བྱེད་མ་འོངས་པའི་དུས་ན། ང་འགྲོ་བའི་གནས་སུ་ཁྱེད་འགྲོ་ཞིག། ང་འདུག་པའི་གནས་སུ་ཁྱེད་འདུག་ཅིག། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ
90b7 དཔག་ཏུ་མེད་པ་ཞིག་ཕྱིར་མི་ལྡོག་པ་དང་། མི་འགྱུར་བའི་སར་གནས་སོ།། ཉན་ཐོས་བརྒྱད་ཁྲིས་ནི་ཐེག་པ་ཆེན་པོའི་སེམས་བསྐྱེད་དོ།། དགེ་སློང་སྟོང་ཕྲག་བཅུས་ནི་དགྲ་བཅོམ་པའི་འབྲས་བུ
iiif viewer powered by OpenSeadragon
90a - 91a