e-texts navigator
Collection
Volume
Page
Wylie

90a1 གཙོ་བོ་ནི་སངས་རྒྱས་བྱམས་པ་ཞེས་བྱའོ། ། དེ་བས་ན་ཁྱེད་རྣམས་ཀྱང་དེ་བཞིན་དུ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་མཚན་བརྗོད་ཅིང་ཕྱག་འཚལ་བའི་རིགས་སོ།།
90a2 ཁྱེད་རྣམས་མ་འོངས་པའི་དུས་ན་ཚོགས་མང་པོ་རྣམས་ལ་ཆོས་སྟོན་པ་རྒྱ་ཆེར་བྱེད་ཅིང་། མཐའ་མེད་པའི་སེམས་ཅན་རྣམས་ལ་ཕན་བཏགས་ཏེ། ཁམས་གསུམ་ནས་བཟླས་ཤིང་ཞི་བ་དང་དབེན་པའི་གནས
90a3 སུ་དཀྱིལ་འཁོར་གྱིས་ལ། ང་དང་འདྲ་བར་བྱོས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་གཟུང་འཛིན་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས
90a4 ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཞིང་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཇི་ལྟར
90a5 གཟུང་བར་བགྱི། ཇི་ལྟར་སྒོམ་ཞིང་སྤྱད་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིག་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདིའི་མིང་ནི་སྡོམ་པ་ལྕི་བ་རྣམས་ལ་ཕན་འདོགས
90a6 པའོ་ཞེས་བྱ་བར་ཟུང་ཞིག། རྡོ་རྗེ་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བར་ཟུང་ཞིག། དེ་སྣོད་ཀྱི་སྒོ་དཔག་ཏུ་མེད་པའོ་ཞེས་བྱ་བར་ཟུང་ཞིག། ཐམས་ཅད་ཀུན་ཏུ་བསྡུས་པའོ་ཞེས་བྱ་བར་ཟུང་ཞིག།
90a7 རྒྱལ་པོ་ཆེན་པོ་དཔེ་ཟླ་མེད་པའོ་ཞེས་བྱ་བར་ཟུང་ཞིག། མི་སུམ་སྟོང་སངས་རྒྱས་སུ་གྲུབ་པར་རྣམ་པར་བཀོད་པ་ཞེས་བྱ་བར་ཟུང་ཞིག། འགྱོད་ཚངས་ཀྱི་སྡིག་སྦྱངས་ཏེ། བསོད་ནམས་ཐོབ་པའོ།




iiif viewer powered by OpenSeadragon

89b - 90b

Texts on this page

S153 - 'phags pa thar pa chen po phyogs su rgyas pa 'gyod tshangs kyis sdig sbyangs te sangs rgyas su grub par rnam par bkod pa zhes bya ba theg pa chen po'i mdo