e-texts navigator
Collection
Volume
Page
Wylie

88a1 བྲམ་ཟེ་ལྔ་བརྒྱའི་སྲོག་བཅད་དོ།། བྲམ་ཟེ་དེ་དག་ཚེ་འཕོས་ནས།། དམྱལ་བ་མནར་མེད་ལྷུང་བར་འགྱུར།། སེམས་ཅན་དམྱལ་བར་ལྷུང་ནས་སུ།། དྲན་པ་རྣམ་གསུམ་གཡོས
88a2 ནས་ཀྱང་། ། དུས་གསུམ་རྒྱལ་ལ་ཕྱག་བྱས་སོ།། མཉམ་པ་ཉིད་ཀྱི་མདོ་སྡེ་དང་།། བྱང་ཆུབ་དགེ་འདུན་དད་བསྐྱེད་ལ།། དྲན་པ་རྣམ་གསུམ་བྱས་པས་ན།། མོད་ལ་དམྱལ་ནས་བྱུང་སྟེ་དོང་།།
88a3 འཇིག་རྟེན་ཟིལ་དང་ར་རྔ་རུ་སྐྱེས།། ཚེ་ནི་བསྐལ་པ་ཆུ་བཅུ་ཐོབ།། དེ་ཡང་གུས་པའི་སེམས་ཀྱིས་སུ།། ཕྱོགས་བཅུའི་རྒྱལ་ལ་ཕྱག་བྱ་ཡོན།། བྲམ་ཟེ་དེ་དག་ཐམས་ཅད་ཀྱིས།། ཐོག་མར་སྐུར
88a4 པས་དམྱལ་ལྷུང་ཡང་། ། ཕྱིས་ནི་དད་པས་མེད་ལ་ཐར།། བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ནི།། ཁྲེལ་དང་ལྡན་པ་སྨོས་ཅི་དགོས།། སྡིག་གི་རང་བཞིན་ཐོག་མ་ནས།། མེད་པས་སེམས་ཅན་རྣམ
88a5 ཀྱི་ཕྱིར། རྩ་བ་བཞི་པོའི་སྡོམ་པ་དང་།། མཚམས་མེད་ལྔ་པོའི་སྡིག་རྣམས་ཀྱང་།། ལོག་སྤྱོད་པར་དུ་འཐོལ་བཤགས་སོ།། སོ་སོའི་སྐྱེ་བོ་ལ་ལ་ཞིག། དེ་ལྟ་བུ་ཡི་སྡིག་བྱས་པ།། དེ་བཞིན
88a6 འཐོལ་ཚངས་བྱེད་ནུས་ན། ། རྩ་བ་བཞི་དང་མཚམས་མེད་ལྔ།། ལོག་སྤྱོད་བར་དུ་སྡིག་འབྱུང་སྟེ།། སངས་རྒྱས་འགྲུབ་པའང་གདོན་མི་ཟ།། མ་དད་པ་ནི་དེར་མ་གཏོགས།། གང་ཞིག་དད་པའི
88a7 སེམས་སྐྱེས་ཏེ། ། རྒྱལ་བ་རྣམ་ལ་ཕྱག་བྱས་ན།། ཆོས་ལམ་མི་འགྲུབ་མོ་སྲིད་དོ།། དེ་ནས་རྒྱལ་བུ་དགེ་མཐོང་དང་།། མི་སུམ་སྟོང་པོའི་མི་རྣམས་ཀྱིས།། བཅོམ་ལྡན་འདས་ལ་ཚིག་འཐུན་པར།




iiif viewer powered by OpenSeadragon

87b - 88b

Texts on this page

S153 - 'phags pa thar pa chen po phyogs su rgyas pa 'gyod tshangs kyis sdig sbyangs te sangs rgyas su grub par rnam par bkod pa zhes bya ba theg pa chen po'i mdo