| | e-texts navigator
|
87b1 ཡི་སྐྱེ་བོ་དག། ཀུན་ཀྱང་བྱང་ཆུབ་སེམས་བསྐྱེད་པའང་།། ཕྱོགས་བཅུ་དུས་གསུམ་རྒྱལ་བ་ལ། གུས་པར་ཕྱག་བྱས་དབང་གིས་སོ།། ཀོའུ་དི་ནྱ་ལ་སོགས་པ།། ཉན་ཐོས་ལྔ་བརྒྱ་དག་གིས་ནི།།
87b2 མ་འོངས་དུས་སུ་འཚང་རྒྱ་བའང་།། ཕྱོགས་བཅུ་དུས་གསུམ་རྒྱལ་བ་ལ།། གུས་པར་ཕྱག་བྱས་དབང་གིས་སོ།། མུ་སྟེགས་དང་ནི་བྲམ་ཟེ་དང་།། སྔགས་འཆང་ཆེན་པོ་དྲང་སྲོང་བཅུ།། ད་ལྟར་དགྲ་བཅོམ
87b3 གྲུབ་པ་ཡང་། ། འདས་པའི་ཕྱོགས་བཅུ་དུས་སུམ་གྱི།། རྒྱལ་བ་རྣམས་ལ་ཕྱག་བྱས་ཡོན།། དམ་པའི་དོན་ལ་ཆུད་པ་དང་།། ཕྱོགས་བཅུ་རྒྱལ་བའི་ཞིང་རྣམས་ན།། བྱང་ཆུབ་སེམས་དཔའི་ཚོགས
87b4 ཐམས་ཅད། ། ཚེ་དཔག་མེད་པར་སྐྱེས་པ་ཡང་།། ཕྱོགས་བཅུ་དུས་གསུམ་རྒྱལ་བ་ལ།། གུས་པར་ཕྱག་བྱས་དབང་གིས་སོ།། རྒྱལ་བུ་དགེ་མཐོང་འདི་ལྟ་སྟེ།། སྔོན་ང་རྒྱལ་པོ་བྱེད་པ་ན།
87b5 དྲང་སྲོང་ཆེན་པོ་སྦྱིན་ཞེས་བྱ།། དེ་ཚེ་སངས་རྒྱས་མ་བྱུང་སྟེ།། བྲམ་ཟེ་ལྔ་བརྒྱ་རྣམས་ཤིག་ལ།། ཁ་ཟས་དང་ནི་གོས་རྣམས་དང་།། ཁང་ཁྱིམ་དང་ནི་མལ་ཆའི་བར།། ལོ་གྲངས་ཉི་ཤུ་ཚང་བར་དུ།། །
87b6 རབ་ཏུ་བྱུང་བའི་མཆོད་པ་ཕུལ།། ངས་ནི་དེ་ཚེ་བསྒོ་བ་ལ།། ཁྱེད་རྣམས་བྱང་ཆུབ་སེམས་སྐྱེད་ཅིག། བྲམ་ཟེ་ལྔ་བརྒྱ་དེ་དག་གིས།། མཆོད་པ་ཕུལ་བ་བླངས་ཀྱིས་ཀྱང་།། དཀོན་མཆོག་གསུམ་ལ
87b7 མ་དད་པས། ། མོད་བཞིན་ང་ལ་སླར་སྨྲས་པས།། འཇིག་རྟེན་ནང་ན་བྱང་ཆུབ་དང་།། རྣམ་པར་གྲོལ་བ་མེད་དོ་ཞེས།། དེ་སྐད་སྨྲས་པ་ངས་ཐོས་ནས།། མཉམ་ཉིད་མདོ་སྡེ་བསྲུངས་པའི་ཕྱིར།
iiif viewer powered by OpenSeadragon
87a - 88a