e-texts navigator
Collection
Volume
Page
Wylie

87a1 པར་བྱའོ། ། མཐའ་མེད་མུ་མེད་པའི་རྒྱ་མཚོའི་སྒོ་ནས་ལངས་ཏེ། ཡིད་འགོག་པ་དང་། ཞི་བའི་ཏིང་ངེ་འཛིན་ལ་འཇུག། ཡིད་འགོག་པ་དང་ཞི་བ་ལས་ལངས་ཏེ། རྡོ་རྗེ་གདོན་མི་ཟ།
87a2 པའི་རྣམ་པར་གྲོལ་བ་ཆེན་པོའི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ།། འཇམ་དཔལ་ང་མྱ་ངན་ལས་འདས་པའི་འོག་ཏུ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལས་དད་པ་སྐད་ཅིག་མའི་སེམས་བསྐྱེད་དེ།
87a3 མདོ་སྡེ་འདི་ཡི་གེར་འདྲི་བ་འམ། ཀློག་པ་འམ། ཁ་ཏོན་དུ་སྐད་ཅིག་མར་དྲན་ཏེ། བསམ་པའི་འདུ་ཤེས་དང་། དྲན་པའི་འདུ་ཤེས་དང་། རྟོག་པའི་འདུ་ཤེས་སུ་དད་པའི་སེམས་གྲུབ་ན། སྐད་ཅིག་མར
87a4 བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུའི་གངྒཱའི་བྱེ་མ་སྙེད་ཀྱི་འཁོར་བའི་སྡིག་ཕྱིར་སྙིལ་བར་འགྱུར་རོ། ། མ་རིག་པའི་སྒྲིབ་པའང་གཏན་བྲལ་བར་འགྱུར་རོ།། དེ་བས་ན་དེ་བཞིན་གཤེགས་པའི་རྟག
87a5 ཏུ་འཚེ་སྐྱོང་ཞིང་གཞེས་ཏེ། མྱ་ངན་ལས་མི་འདའ་བར་མངོན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས།། འཁོར་མང་པོ་རྣམས་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཡི་དགས་མཐུ་ཆེན་ཐམ་ཅ་དང་།། དུད་འགྲོ
87a6 གླང་པོ་མ་རུངས་དང་། ། བུད་མེད་གཡེང་དང་མ་རུངས་ཀླུ།། དཔག་ཏུ་མེད་པའི་མ་རུངས་རྣམས།། བ་སུ་དང་ནི་མ་སྐྱེས་དག། ལྷ་སྦྱིན་དང་ནི་སོར་མོའི་འཕྲེང་།། ལུས་དང་སེམས་ཀྱི་སྡིག་སྤྱད་པས།།
87a7 དམྱལ་བ་མནར་མེད་ལྷུང་འོས་ཀྱང་།། ཕྱོགས་བཅུ་དུས་གསུམ་རྒྱལ་བ་ལ།། དད་པ་བསྐྱེད་དེ་ཕྱག་འཚལ་ཕྱིར།། ཐུབ་པ་མྱ་ངན་འདའ་བའི་ཁར།། བསྐལ་པ་གྲངས་མེད་ཕྱིར་བཤོལ་ལོ།། མ་ག་དྷ




iiif viewer powered by OpenSeadragon

86b - 87b

Texts on this page

S153 - 'phags pa thar pa chen po phyogs su rgyas pa 'gyod tshangs kyis sdig sbyangs te sangs rgyas su grub par rnam par bkod pa zhes bya ba theg pa chen po'i mdo