e-texts navigator
Collection
Volume
Page
Wylie

85a1 སྡུག་བསྔལ་མི་བཟད་པ་ཆེན་པོ་ཉམས་སུ་མྱོང་བ་ནི་གོང་དུ་བསྟན་པ་བཞིན་ནོ།། ནམ་ཞིག་མནར་མེད་པའི་དམྱལ་བ་ནས་སླར་ཕྱིན་ནའང་ཚུལ་ཁྲིམས་བཤིག་པ་དང་། ཡོན་བདག་དད
85a2 པ་ཅན་གྱི་ཡོན་བླངས་པའི་ལས་ཀྱིས། ཡང་དམྱལ་བ་ཆུང་ངུ་རྣམས་ཀྱི་ནང་དུ་འཇུག་སྟེ། དེ་ལ་དམྱལ་བ་གྲང་སྦྲེབས་པ་དང་། དམྱལ་བ་མུན་ནག་པ་དང་། དམྱལ་བ་རབ་ཚ་བ་དང་། དམྱལ་བ་སྤུ་གྲི་སོ
85a3 བསྣམས་པ་དང་། དམྱལ་བ་རལ་གྲི་འཁོར་ལོ་དང་། དམྱལ་བ་མེའི་ཤིང་རྟ་ཅན་དང་། དམྱལ་བ་ཕྱི་སའི་འདམ་དང་། དམྱལ་བ་ཆུ་ཚན་དང་། དམྱལ་བ་མེ་མུར་ཀླུང་དང་། དམྱལ་བ་ནགས་ཚལ་རལ་གྲི
85a4 ལོ་མ་ཅན་དང་། དམྱལ་བ་ལྕགས་ཀྱི་འཁྲུལ་འཁོར་ཅན་དང་། དམྱལ་བ་ལྕགས་ཀྱི་ཤལ་མ་ལི་ཀ་བ་ཅན་དང་། དམྱལ་བ་ལྕགས་ཀྱི་ཁྲི་ཅན་དང་། དམྱལ་བ་ལྕགས་ཀྱི་འཁོར་ལོ་ཅན་དང་། དམྱལ་བ
85a5 ལྕགས་ཀྱི་ཐུ་ལུམ་དང་། དམྱལ་བ་བསྡུས་འཇོམས་ཐུག་རི་དང་། དམྱལ་བ་ཟངས་ཁུ་ལུད་དང་། འདི་རྣམས་སོ་སོ་རེ་རེའི་ནང་དུའང་ལོ་ཁྲི་ཕྲག་བརྒྱད་བརྒྱའི་བར་དུ་ཉོན་མོངས་ནས་གདོད་ཐར་ཏེ། འོན་ཀྱང
85a6 རྟག་ཏུ་མ་རབས་སུ་སྐྱེས་ལ། ཚེ་རབས་ལྔ་བརྒྱའི་བར་དུ་དཀོན་མཆོག་གསུམ་གྱི་སྒྲ་མི་ཐོས་སོ།། བརྒྱ་ལ་དགེ་བའི་བཤེས་གཉེན་དང་ཕྲད་པ་ན་ནི། བྱང་ཆུབ་ཏུ་སེམས་བསྐྱེད་ཀྱང་སྲིད། དགེ་བའི་བཤེས
85a7 དང་མ་ཕྲད་ན་ནི། སླར་ཡང་དམྱལ་བར་ལྷུང་ངོ་།། ཉེས་བྱས་ཀྱི་སྡིག་པ་རྣམས་མ་མཐོལ་མ་བཤགས་ན། དམྱལ་བར་སྡུག་བསྔལ་མྱོང་བའང་རྒྱལ་ཆེན་རིས་བཞིའི་ལྷའི་ལོ་གྲངས་ལྟ་བུར། ལོ་ཁྲི་ཕྲག




iiif viewer powered by OpenSeadragon

84b - 85b

Texts on this page

S153 - 'phags pa thar pa chen po phyogs su rgyas pa 'gyod tshangs kyis sdig sbyangs te sangs rgyas su grub par rnam par bkod pa zhes bya ba theg pa chen po'i mdo