| | e-texts navigator
|
84b1 མིག་གདངས། ཁ་བཙུམས་ཀྱང་ཁ་འཐམས་པས་སྨྲ་མ་ནུས་སོ།། དེ་སྡིག་མང་བའི་ཕྱིར་རལ་གྲི་འཁོར་ལོ་གྲངས་མེད་པ་དུ་མ་ཞིག་ནམ་མཁའ་ནས་ཆར་བཞིན་འབབ་སྟེ། ཀླད་པར་ཕོག་ཅིང་རྐང་པར་བྱང
84b2 བའི་སྡུག་བསྔལ་ཐམས་ཅད་ནི་སྔར་གོང་དུ་བཤད་པ་བཞིན་བརྒྱ་སྟོང་ཁྲི་ཕྲག་ཏུ་བསྒྱུར་བའོ། ། གང་ལ་ལ་རྩ་བ་བཞི་པོ་ཚང་བར་ཞིག་པར་གྱུར་ན། སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བ་ནི། བསྐལ་པ་ཆེན
84b3 པོ་ལྔ་རྫོགས་ཀྱི་བར་དུའོ། ། སྡོམ་པ་བརྒྱད་འཇིག་པ་ནི་དེ་ལས་གྱུར་ཅིག་གིས་མང་ངོ་།། མཚམས་མེད་པ་ལྔ་ཡང་གྱུར་ཅིག་གིས་མང་ངོ་།། མཉམ་པ་ཉིད་ཀྱི་མདོ་སྡེ་ལ་སྐུར་པ་འདེབས་པའང་གྱུར
84b4 ཅིག་གིས་མང་ངོ་། ། དཀོན་མཆོག་གསུམ་ལ་སྨོད་པ་དང་། དགེ་འདུན་གྱི་ནོར་བརྐུས་པ་དང་། དགེ་སློང་དང་དགེ་སློང་མ་ཚངས་པར་སྤྱོད་པ་ལ། དྲི་མ་ཅན་དུ་སྤྱོད་པ་དང་། མཁན་པོ་དང་། སློབ
84b5 དཔོན་ལ་དབང་ཟ་བ་དང་། མ་ལ་གཡེམ་པ་རྣམ་པ་གོང་མ་དག་ལས་ཀྱང་གྱུར་ཅིག་གིས་བསྐྱེད་དོ།། ལོག་སྤྱོད་ཀྱི་རྣམས་ནི་དགེ་བའི་རྩ་བ་གཏན་ཆད་པས། ནམས་ཀྱང་མནར་མེད་པའི་དམྱལ་བ་ནས་མི
84b6 ཐར་པ་ནི་དེར་མ་གཏོགས་སོ། ། དེ་ལ་སོགས་པའི་སྡིག་ཅན་རྣམས་སྡུག་བསྔལ་ཉམས་སུ་མྱོང་བའི་ཚེ། འབར་བའི་མེ་ཤིན་ཏུ་མཆེད་པ་ཁོང་དུ་ཞུགས་ཏེ་རྨུགས་ནས་འཆིའོ།། དེ་ནས་སྲིན་པོ་དམྱལ
84b7 བའི་སྲུངས་མས་ལྕགས་ཀྱི་གསལ་ཤིང་ས་ལ་བརྡབས་ཏེ། སོས་སོས་ཞེས་བོས་པ་དང་། བོས་པའི་སྒྲ་བཞིན་དུ་ཡང་སོས་ཡང་སོས་ནས། ཉིན་མཚན་གཅིག་ལ་ལན་ཁྲི་ནི་འཆི། ལན་ཁྲི་ནི་འཚེ་སྟེ།
iiif viewer powered by OpenSeadragon
84a - 85a