e-texts navigator
Collection
Volume
Page
Wylie

84a1 འབབ་པ། དམྱལ་བའི་ནང་དུ་གང་བར་བབ་བོ།། ཁང་པ་བར་ཆད་རེ་རེའི་ནང་དུའང་ལྕགས་ཀྱི་སྦྲུལ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་ཡོད་པས།། ཁར་གདུག་པའི་མེ་སྐྱུག་ཅིང་ར་བཀུན
84a2 ཏུ་གང་བར་གཏོང་ངོ་། ། སྦྲུལ་གྱི་སྒྲ་སྒྲོགས་པ་ནི་འབྲུག་སྒྲ་ཆེན་པོ་ཟེར་བ་བཞིན་ནོ།། ལྕགས་ཀྱི་ཐུ་ལུམ་ཆེན་པོའོ་ཆར་བབ་པའང་མནར་མེད་པ་ཀུན་ཏུ་གང་ངོ་།། དེར་སྡུག་བསྔལ་མི་བཟད་པ་ནི་འབུམ
84a3 ཕྲག་བརྒྱད་ཁྲི་སྟེ། སྡུག་བསྔལ་གྱི་ནང་ན་སྡུག་བསྔལ། མེ་བཟད་པའི་ནང་ན་མི་བཟད་པ། ཀུན་ཀྱང་དེར་འདུས་པས་དཔེ་ཟླ་མེད་དོ།། མནར་མེད་པའི་དམྱལ་བ་དེའི་སྒོ་བཞིར། སྒོ་རེ་རེའི་ཕྱི་རོལ་ཏུ་འབར
84a4 བའི་མེ་ཤིན་ཏུ་མཆེད་ཅིང་འབར་བ། ལྷོ་བྱང་ཤར་ནུབ་བསྣོལ་ཞིང་ཕྱད་པར་རྒྱུའོ།། འབར་བའང་ལྕགས་ཀྱི་ར་བ་ཁོ་ར་ཁོར་ཡུག་དཔག་ཚད་བརྒྱད་ཁྲི་ནས། སྟེང་ལྕགས་ཀྱི་དྲ་བ་ལ་ཐུག་གི་བར་དུ།
84a5 ཡང་ཐལ་མར་ཐལ་ཞིང་བླ་ཟ་འོག་དང་། ཕྱོགས་བཞིར་ཀུན་ཏུ་འབར། རབ་ཏུ་འབར་བར་གྱུར་ཏེ། སྡུག་བསྔལ་ཅིག་ཅར་ལྡང་བ་ནི། གོང་དུ་སྨོས་པ་བཞིན་ནོ།། རྩ་བ་བཞི་དང་། སྡོམ་པ་བརྒྱད་འཇིག་པ་དང
84a6 མཚམས་མེད་པ་ལྔ་དང་། མཉམ་པ་ཉིད་ལ་སྐུར་པ་འདེབས་པ་རྣམས་མདོ་སྡེ་འདི་ལས་འབྱུང་བ་བཞིན་འཐོལ་ཚངས་མ་བྱས་ལ། གནོད་བཀུར་བ་འམ། ཁྲེལ་བ་མེད་ན་མི་དེ་ཚེ་འཕོས་མ་ཐག་ཏུ། སྟོབས
84a7 ཚན་པོ་ཆེའི་དཔུང་པ་གཡས་པ་བརྐྱང་ཞིང་བསྐུམ་པ་ཙམ་གྱིས་མནར་མེད་པའི་དམྱལ་བར་ལྷུང་བར་འགྱུར་རོ། ། ལུས་ཀྱང་དེའི་ནང་དུ་གང་སྟེ། ཚ་བའི་གཟིར་བས་འཕོངས་ནས་ཁ་གང་ངས། མིག་བཙུམས།།




iiif viewer powered by OpenSeadragon

83b - 84b

Texts on this page

S153 - 'phags pa thar pa chen po phyogs su rgyas pa 'gyod tshangs kyis sdig sbyangs te sangs rgyas su grub par rnam par bkod pa zhes bya ba theg pa chen po'i mdo