e-texts navigator
Collection
Volume
Page
Wylie

83b1 འོག་ཏུ་བར་ཆད་བཅོ་བརྒྱད་ཡོད་དོ།། དེའི་ཁོ་ར་ཁོར་ཡུག་ཏུ་རལ་གྲིའི་ཚལ་རིམ་པ་བདུན་གྱིས་བསྐོར་ཏོ།། ལྕགས་ཀྱི་དྲ་བ་རིམ་པ་བདུན་གྱི་ནང་ལོགས་སུ་ནགས་ཚལ་རལ་གྲིའི་ལོ་མ་ཅན་ཡོད་དོ།། ལྕགས
83b2 ཀྱི་ཁང་པ་བར་ཆད་བཅོ་བརྒྱད་པོ་རྩེག་མར་འདུག་སྟེ། རིམ་པ་བརྒྱད་ཁྲི་བཞི་སྟོང་ཡོད་དོ།། དེའི་གྲཝ་བཞིར་ཟངས་ཀྱི་ཁྱི་ཆེན་པོ་བཞི་འདུག་པ། ལུས་ཀྱི་བོང་ཚད་ནི་འཕང་དུ་དཔག་ཚད་བཞི་བཅུ་ལ། མིག་ནི
83b3 གློག་གི་འོད་བཞིན། མཆེ་བ་ནི་རལ་གྲི་སྡོང་པོ་དང་འདྲ། སོ་ནི་སྤུ་གྲི་སོ་གཏམས་པའི་རི་དང་མཚུངས། ལྕེ་ནི་ལྕགས་ཀྱི་མཆིལ་པ་བཞིན། སྡེར་མོ་ནི་ལྕགས་ཀྱི་གསལ་ཤིང་དང་འཚུངས། མཇུག་མ་ནི
83b4 ལྕགས་ཀྱི་སྤྲུལ་དང་འདྲ། སྤུའི་བུ་གུ་རེ་རེ་ནས་འབར་བའི་མེ་ཤིན་ཏུ་མཆེད་ཅིང་ཀུན་ཏུ་འབར། རབ་ཏུ་འབར་བ་འབྱུང་སྟེ། དེའི་དུད་པ་མནམ་པ་ནི། འཇིག་རྟེན་གྱི་རྫས་མནམ་པ་གང་དང་ཡང་བསྐྲུན་དུ
83b5 མེད་དོ། ། དམྱལ་བ་དེའི་སྒོ་བཞི་ལ། སྒོ་རེ་རེ་ན་དམྱལ་བའི་སྲུངས་མ་བཅོ་བརྒྱད་འདུག་གོ།། མགོ་ནི་སྲིན་པོའི་མགོ། ཁ་ནི་སྲིན་པོའི་ཁ་དང་འདྲ་སྟེ། མགོ་ལ་རཱ་བཅོ་བརྒྱད་ཡོད་པ། ལག་ན་ལྐུགས
83b6 ཀྱི་གསལ་ཤིང་ཐོགས་སོ། ། ར་བ་རིམ་པ་བདུན་གྱི་ནང་ལོགས་སུ་ལྕགས་ཀྱི་རྒྱལ་མཚན་གྲངས་མེད་པ་ཞིག་ཡོད་དེ། རྒྱལ་མཚན་གྱི་མགོར་མེ་འབྱུང་བ་ནི། ཆུ་མིག་འབྱུང་བ་དང་འདྲ་བར་འབྱུང་ངོ་།།
83b7 ལྕགས་འཇུ་བའི་ཁུ་བ་འབབ་པ་ནི། ཀུན་ཏུ་ཁྱབ་པར་འབབ་སྟེ། དམྱལ་བའི་སྒོ་བཞིར་སྒོ་རེ་རེའི་སྟེང་ན། ཟངས་མོ་ཆེ་བཅོ་བརྒྱད་ཡོད་པའི་ནང་ན། ལྕགས་ཁོལ་བའི་ཁུ་བ་ཁར་ལྡུད་ཅིང་། སྒོ་བཞིར




iiif viewer powered by OpenSeadragon

83a - 84a

Texts on this page

S153 - 'phags pa thar pa chen po phyogs su rgyas pa 'gyod tshangs kyis sdig sbyangs te sangs rgyas su grub par rnam par bkod pa zhes bya ba theg pa chen po'i mdo