| | e-texts navigator
|
81b1 སེམས་ཐག་པ་ནས་དོན་དམ་པའི་ལྷ་དྲན་པ་སྟེ། དེ་དག་དེ་བཞིན་དུ་ཀློག་པ་དང་། དེ་བཞིན་དུ་ཕྱག་བྱ་བ་དང་། དེ་བཞིན་དུ་སེམས་ཐག་པ་ནས་སོ་སོར་འཆགས་ཤིང་འཐོལ་པ། ཐོག་མའི་ཉིན་པར་ནས།།
81b2 ཞག་དྲུག་ཏུ་ལོན་པའི་ནང་པར་དྲི་ནུས་ཡང་ཆག་ཆག་བཏབ་སྟེ། ལུས་ལའང་སྤོས་ཆུས་བཀྲུ་བར་བྱའོ།། པོག་སྤོས་བཟང་པོ་བསྲེག་ཅིང་། སེམས་ཐག་པ་ནས་མཆོད་པ་བྱས་པ། དེ་དག་དེ་ལྟ་བུར་སེམས་ཐག་པ་ནས་སོ་སོར
81b3 འཐོལ་ཞིང་བཤག་པས། ཕྱོགས་བཅུར་སྐུལ་བར་འགྱུར་ཏེ། ང་དེའི་ཚེ་དེའི་དུས་ན་སངས་རྒྱས་དཔག་ཏུ་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་འགྲོག་ཏེ། སྒྲ་དབྱངས
81b4 ཀྱི་རྗེས་སུ་ཁང་བུ་དེའི་ནང་དུ་ཕྱིན་ཅིང་མངོན་དུ་འགྲུབ་པའི་དབང་དུ་བྱའོ། ། དེ་བཞིན་དུ་ཉིན་མཚན་བདུན་གྱི་བར་དུ་བྱས་ན། གདོན་མི་ཟ་བར་སྡིག་འབྱང་བར་འགྱུར་རོ།། ཇི་ལྟར་སྡིག་འབྱུང་བར་ཤེས
81b5 ཤེ་ན། ། སོ་སོའི་སྐྱེ་བོ་རྣམས་ཀྱི་དོན་དམ་པར་ད་དུང་མ་གྲུབ་པས། རྨི་ལྟས་ཀྱི་མཚན་མ་ལ་བརྟགས་སུ་བྱས་ཏེ། རྨི་ལམ་རྣམས་གཅིག་རྨིས་ན། མཚམས་མེད་པ་རྣམ་གཅིག་འབྱུང་ངོ་།། རྨི
81b6 ལམ་རྣམ་ལྔ་རྨིས་ན་མཚམས་མེད་པ་རྣམ་ལྔ་འབྱང་སྟེ། དེས་ནུབ་མོ་རྨི་ལམ་ན་ཆུ་ཀླུང་ཆེན་པོ་རྒལ་བར་འདོད་དེ། ཟམ་པ་ཆེན་པོའི་སྟེང་དུ་འགྲོ་བར་རྨིས་ན། དེ་ནི་ངེས་པར་རྣམ་པར་གྲོལ་བ་ཐོབ་པ
81b7 ཡིན་ནོ། ། གལ་ཏེ་དེའི་རྨི་ལམ་ན་གཞན་གྱིས་བདག་ལ་ཁྲུས་བྱས་པ་དང་། ལུས་ལ་ཆར་བབ་པར་རྨིས་ན། དེ་ངེས་པར་རྣམ་པར་དག་པ་ཐོབ་པ་ཡིན་ནོ།། གལ་ཏེ་དེའི་རྨི་ལམ་ན་བདག་དགེ་འདུན་མང
iiif viewer powered by OpenSeadragon
81a - 82a