e-texts navigator
Collection
Volume
Page
Wylie

80b1 འཁྲུལ་པས་སེམས་འཁྲུགས་ཏེ། མི་དགེ་བ་དང་། མཚམས་མ་མཆིས་པ་བགྱིས་པ་རྣམས་ཇི་ལྟར་བགྱིས་ན་སྡིག་འབྱང་བར་འགྱུར་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། འཇམ་དཔལ་ལ་བཀའ
80b2 སྩལ་པ། གོང་དུ་བསྟན་པ་ཡིན་ཏེ། གང་ལ་ལས་ཕྱོགས་སུ་རྒྱས་པའི་ཆོས་ཀྱི་རྣམ་གྲངས་འདི་དང་། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་། མདོ་སྡེ་བཅུ་གཉིས་དང་། བྱང་ཆུབ་སེམས་དཔའ
80b3 རྣམས་ཀྱི་མཚན་ཐོས་ནས། དགའ་བ་དང་། རབ་ཏུ་དགའ་བ་བསྐྱེད་ལ། དད་པ་དང་གུས་པ་དཔག་ཏུ་མེད་པས་བླངས་སམ། འཆང་ངམ། ཀློག་གམ། འདོན་ཏམ། ཡི་གེར་བྲིས་སམ། ཀུན་ཆུབ
80b4 པར་བྱས་ཏེ། དབེན་པའི་གནས་ཁང་པ་གཅིག་གི་ནང་དུ་དཀྱིལ་འཁོར་བྱས་ལ། དྲི་ཆུས་ཆག་ཆག་བཏབ་སྟེ། འཕན་གདུགས་བཟང་པོས་བརྒྱན་ཅིང་པོག་སྤོས་ཞིམ་པོ་བསྲེགས་ནས། རྒྱལ་བ་རྣམས
80b5 སྤྱན་དྲང་ཞིང་གཤེགས་སུ་གསོལ་བ་མང་ཡང་རུང་། ཉུང་ཡང་རུང་། སྤྱན་དྲངས་ནས། བདག་ཁྲུས་དག་པར་བྱས་ལ་གོས་གཙང་མ་གྱོན་ཅིང་། ལན་ཅིག་ཕྱི་རོལ་ཆེ་ཆུང་དུ་འགྲོ་ན། ཁྲུས་ལན་ཅིག་བྱས
80b6 ཏེ། སེང་གེའི་ཁྲི་བཙུགས་ནས། ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་བསྒོམས་ལ། ཆོས་ཀྱི་མཚན་ཉིད་ལ་བདག་དང་། གང་ཟག་དང་། སེམས་ཅན་ལ་སོགས་པའི་ལྟ་བ་མེད་པར་མངོན་པར་རྟོགས
80b7 པར་བྱས་ཏེ། དང་པོ་པས་བྱེ་བྲག་ཕྱེད་ཅིང་གསལ་བར་བརྗོད་པར་བྱའོ།། དེ་ནས་དྲི་སྤོས་ཞིམ་པོ་བསྲེགས་ལ། འཁྲུགས་སེམས་བསལ་ཅིང་། དྲན་པ་ཡང་དག་པ་དང་། བསམ་པ་ཡང་དག་པས།




iiif viewer powered by OpenSeadragon

80a - 81a

Texts on this page

S153 - 'phags pa thar pa chen po phyogs su rgyas pa 'gyod tshangs kyis sdig sbyangs te sangs rgyas su grub par rnam par bkod pa zhes bya ba theg pa chen po'i mdo