| | e-texts navigator
|
160b1 གླུ་དང་། རོལ་མོའི་སྒྲ་དག་ལ་སྣ་ཚོགས་སུ་གཡེང་བ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མུན་པ་ཆེ་བ། རྩེད་མོ་ལ་དགའ་བར་འདུ་ཤེས་པ། མི་རྟག་པ་ལ་རྟག་པར་འདུ་ཤེས་པ
160b2 ཕྲག་དོག་དང་སེར་སྣས་ཡོངས་སུ་ཟིན་ཅིང་། མཆོད་པར་མི་བགྱིད། རི་མོ་མི་བགྱིད། དད་པར་མི་བགྱིད། གློ་བ་ཆེས་པར་མི་བགྱིད། འཆང་བར་མི་བགྱིད། ཀློག་པར་མི་བགྱིད།
160b3 ཉན་པར་མི་བགྱིད། ནན་ཏན་གྱིས་སྒྲུབ་པར་མི་བགྱིད་པ་དེ་དག་ནི། དལ་བ་འདི་ཡིད་བྱུང་བར་བགྱིས་ཤིང་། སྔོན་གྱི་ལས་ཀྱི་འབྲས་བུ་དེ་ཡོངས་སུ་བས་པར་བགྱི་ནས། སྡུག་བསྔལ་དང
160b4 ཡིད་མི་བདེ་བ་སྣ་ཚོགས་དང་། སེམས་ཅན་དམྱལ་བའི་སྡུག་བསྔལ་དག་ཉམས་སུ་མྱོང་བར་འགྱུར་ཞིང་། དེར་ཡང་བསྐལ་པ་བྱེ་བ་ཕྲག་དུ་མར་སྡུག་བསྔལ་ཉམས་སུ་མྱོང་ནས། ཡང་སླ
160b5 སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིནི་རྗེའི་འཇིག་རྟེན་རྣམས་སུ་སྐྱེ་བར་འགྱུར་ལགས་ཏེ། མི་དགེ་བའི་བཤེས་གཉེན་གྱི་དབང་གིས་ཡུན་རིང་པོར་རྗེས་སུ་འགྱེད་པར་འགྱུར་ལ
160b6 སོ། ། དེ་ལྟ་ལགས་པས་ན། ལུས་དང་། ངག་དང་། ཡིད་ལེགས་པར་བསྡམ་པར་བགྱི་ཞིང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དག་ལའང་དད་པ་མི་ཕྱེད་པར་བགྱིད། སེམས་ཅན
160b7 ཐམས་ཅད་ལ་བྱམས་པའི་སེམསུ་བགྱིད། ཕྲག་དོག་དང་། སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་ཡོངས་སུ་སྤངས་པའི་སེམས་དང་། ཁྲོ་བ་ཡོངས་སུ་སྤངས་པའི་སེམས་སུ་བགྱི་ལགས་སོ།།
iiif viewer powered by OpenSeadragon
160a - 161a