e-texts navigator
Collection
Volume
Page
Wylie

159b1 དེ་འཛྲའི་སྡུག་བསྔལ་མི་བབང་སྐྱོང་འསྐུར་བས།། སྡུག་བསྔལ་འདི་དང་པན་ཡོན་དེ་ཐོས་ན།། བྱིས་པའི་བློ་ཡང་ས་ཊཱིག་དང་མི་སྐྱེད།། དེ་ཕྱིར་རྟག་ཏུ་དགེ་སློང་པོ་མོ་དང་།། དགེ་བསྙེན་ནམ།
159b2 དང་རྒྱལ་པོ་ཁོར་ཟུག་ཏུ།། མདོ་སྡེ་འདི་ནི་རྟག་ཏུ་གཟུང་བྱ་ཞིང་།། འཛིན་པ་ལ་ཡང་རྟག་ཏུ་བསྙེན་བཀུར་བྱ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས
159b3 གསོལ་ཏོ། ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་ལགས་ཏེ། སྟོན་པའི་འདུ་ཤེས་ཀྱིས་བཅང་བར་བགྱི་ཞིང་། སེམས་ཅན་ཐམས་ཅད་ལའང་ཡང་དག་པར་བགྱི་ལགས
159b4 སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་ངས་ཆོས་གང་བསྟན་པ་མཉན་ཏེ། ཀུན་གཟུང་བ་དེ་དག་ཐམས་ཅད་འཆང་བར་བྱེད། ཀློག་པར་བྱེད།
159b5 རྒྱས་པར་བྱེད་ན་ནི། དེས་ནི་ཁྱོད་ཀྱིས་ང་ལ་ཉེས་པ་བྱས་པར་མི་འགྱུར་ཞིང་། གུས་པར་མ་མཉན་པར་ཡང་མི་འགྱུར་ལ། ཉན་ཐོས་ཉིད་མ་ཡིན་པར་མི་འགྱུར་གྱིས། ཆོས་ཀྱི་རྣམ་གྲངས་འདི
159b6 འཆང་བར་མི་བྱེད། ཀློག་པར་མི་བྱེད། མཆོད་པར་མི་བྱེད། ཡང་དག་པར་སྟོན་པར་མི་བྱེད། ཡིད་ལ་མི་བྱེད་ན་ནི། དེས་ན་ཁྱོད་ཀྱིས་ང་ལ་ཉེས་པར་བྱས་པར་འགྱུར་ཞིང་། གྲུས་པར
159b7 མ་མཉན་པར་ཡང་འགྱུར་ལ། ཉན་ཐོས་ཉིད་ཡིན་པར་ཡང་མི་འགྱུར་རོ།། ཀུན་དགའ་བོ་དེ་ལྟ་བས་ན་ཁྱོད་ཀྱིས་ཕུང་དུང་བྱས་ཏེ། ཆོས་ཀྱི་རྣམ་གྲངས་འདི་བཅང་བར་བྱའོ།། འདི་ནི་ཕྱི་མ




iiif viewer powered by OpenSeadragon

159a - 160a

Texts on this page

S155 - 'phags pa de bzhin gshegs pa thams cad kyi byin gyi rlabs sems can la gzigs shing sangs rgyas kyi zhing gi bkod pa kun tu ston pa zhes bya ba theg pa chen po'i mdo