e-texts navigator
Collection
Volume
Page
Wylie

142a1 པ་དག་གིས་མཐོ་བ་ཙམ་པ་འམ། རྣམ་པར་གཙེ་བ་འམ། གནོད་པར་བགྱིད་པར་འགྱུར་བ་དེ་ནི་གནས་མ་མཆིས་ལགས་སོ།། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག
142a2 ལ་རྗེས་སུ་གནང་བ་སྩོལ་ཅིག་དང་། བདག་གི་ཆོས་སྨྲ་བ་དང་། ཆོས་ཉན་པ་དེ་དག་གི་དོན་དུ་ཉན་པ་རྣམས་དང་། རི་མོར་བགྱིད་པ་རྣམས་དང་། མཆོད་པར་བགྱིད་པ་རྣམས་དང་། འཛིན་པར་བགྱིད་པ
142a3 ། རྣམས་ཀྱི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམ་བཅས་པའི་ཕྱག་རྒྱ་དག་པར་བགྱིའོ།། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱན། སརྦ་བོ་དྷི་སཏྭཱ་ནཱན།
142a4 ཨ་རི་ཧཱ་ཏཱན་ཏད་ཏྱ་ཐཱ་ཨོཾ། བཛྲ་དྷ་ར། བཛྲ་ཀཱ་ཡ། བཛྲ་བཱ་ལ། བཛྲ་ཏེ་ཛ། ཧཱུཾ་ཧཱུཾ། བཛྲ་པཱ་ནི་ཏ་ཐཱ་ག་ཏ་ཨད་ཉི་མ་པ་ལཱ་ཡ། སྨ་ར་པྲ་ཏིད་ཉྩཱ་མ། སརྦ་བྱཱ་དྷིན་སརྦ་པཱ་པཱ་ནི་ནཱ་ཤ་ཡ། དི་ཧི་མེ། ཡ་ཐེ
142a5 བ་སི་ཏམ་པ་རམ། ཡ་ན་ཡ་མེ་བ་ཧ་བྷི་པྲཱ་ཡན་མཱ་ཙ་མི། ཏན་ཏ་མེ་བ་ས་མྲིད་དྷྱ་ཏྲ། ཧེ་ཧཾ། ཏུ་རུ་ཏུ་རུ། སཱ་གད་ཙ་ཨཱ་གད་ཙ་མཱ་བི་ལམ་པ། ད་རི་ཤ་ཡ་བཛྲ་ཀཱ་ཡམ། ད་རི་ཤ་ཡ་བཛྲ་ཀཱ་ཡ་མ། བུདྡྷ་ས་དྷིཥྚི།
142a6 ན་སྭཱ་ཧཱ། གཟུངས་འདི་བརྗོད་པ་ན་ས་ཆེན་པོ་འདི་མཐོ་བ་དང་དམའ་བར་གྱུར་ཏོ།། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་ཀྱང་རབ་ཏུ་སྤངས་སོ།། ལྷ་ཐམས་ཅད་དང་། མི་དང་མི་མ་ཡིན་པའི་བར་དག་ཀྱང
142a7 ངོ་མཚར་དུ་གྱུར་ནས། སེམས་ཅན་ཆེན་པོ་རབ་ཏུ་གྲུབ་པར་བྱེད་པའི་གཟུངས་ཀྱི་གསང་སྔགས་གཞི་འདི་དག་བཤད་པ་ནི་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ།། དེ་ནས་བཅོམ་ལྡན་འདས་ལ། བྱབ




iiif viewer powered by OpenSeadragon

141b - 142b

Texts on this page

S155 - 'phags pa de bzhin gshegs pa thams cad kyi byin gyi rlabs sems can la gzigs shing sangs rgyas kyi zhing gi bkod pa kun tu ston pa zhes bya ba theg pa chen po'i mdo