e-texts navigator
Collection
Volume
Page
Wylie

141b1 མདོག་དང་། བརྩོན་འགྲུས་དང་ལྡན་པར་ཡང་འགྱུར་རོ།། དམ་ཐམས་ཅད་ཀྱང་ངོར་དབང་དུ་འགྱུར་རོ།། གཟུངས་འདི་བཤད་པ་ན། ཐོག་ཆགས་དྲག་ཁྲིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ནས།
141b2 དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་ཞིང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ
141b3 ཕྱོགས་བཅུར་རྣམ་པར་བལྟས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་འཆའ་བ། མི་འཇིགས་པའི་གཟི་བརྗིད་ཅེས་བརྒྱ
141b4 བའི་གཟུངས་མཆིས་ཏེ། བདག་གིས་དེ་བཞིན་གཤེགས་པ་འཇིགས་མེད་བཀོད་པ་གཟི་བརྗིད་རྒྱལ་པོའི་སྤྱན་སྔར་དེར་གཟུང་ལགས་སོ།། བཟུང་ནས་ཀྱང་སེམས་ཅན་ཐམས་ཅད་ལ་བཤད
141b5 ལགས་སོ། ། བཅོམ་ལྡན་འདས་དེ་སླན་ཆད་བདག་གིས་མངོན་པར་འཚལ་ཏེ། གང་གི་རྣ་ལམ་དུ་གཟུངས་དེ་ཟག་པར་གྱུར་ཏམ། གློ་བར་ཆུད་པར་གྱུར་པ་དེའི་ལུས་ལ་ཉམ་ཆུང་བ་འམ། ཉོན་མོངས
141b6 པ་སྣ་ཚོགས་སམ། བྲོ་ནད་དམ། རིམས་སམ། ལུས་བྲོ་འཚལ་བ་འམ། སེམས་གདུང་བ་འམ། དུས་མ་ལགས་པར་འགུམ་པ་འམ། ཆབ་ཀྱིས་འཇིགས་པ་འམ། མཚོན་གྱིས་འཇིགས
141b7 པའམ། དུག་གིས་འཇིགས་པ་འམ། དུག་སྦྱར་མས་འཇིགས་པ་འམ། མཁའ་འགྲོ་མ་དང་འབྱུང་པོས་འཇིགས་པ་འམ། གནོད་སྦྱིན་ནམ། དགྲ་རྣམས་སམ། མི་དང་མི་མ་ལགས




iiif viewer powered by OpenSeadragon

141a - 142a

Texts on this page

S155 - 'phags pa de bzhin gshegs pa thams cad kyi byin gyi rlabs sems can la gzigs shing sangs rgyas kyi zhing gi bkod pa kun tu ston pa zhes bya ba theg pa chen po'i mdo