| | e-texts navigator
|
137a1 ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སླད་མའི་དུས་སྲད་མའི་ཚེ་ན། སེམས་ཅན་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་གྱིས་ནོན་པར་གྱུར་པ།
137a2 དུས་མ་ལགས་པར་འགུམ་པས་ཡོངས་སུ་གཟིར་བ། ཉམ་ཆུང་བ། མདོ་ག་ངན་པ། ཚེ་ཐུང་བ། ལོངས་སྤྱོད་རླུང་བ། ལུས་ཡོངས་སུ་མ་བསྒོམས་པ་དག་འབྱུང་བར་མཆིས་ཏེ། དེ་དག་ནི་སེར་སྣ་དང་། འཆ
137a3 པའི་ཚུལ་ཁྲིམས་ཀྱིས་སེམས་ཀྱིས་གཅིག་ལ་གཅིག་འགུམ་པར་འགྱུར་ལ། གཅིག་གིས་གཅིག་ནོར་དང་། ལོངས་སྤྱོད་དང་། དབང་ཕྱུག་དག་འཕྲོག་པར་འགྱུར་ཞིང་གད་མོ་དང་། འཇོ་སྒེག་དང་། ཟོ་གར
137a4 དང་། རྩེད་མོ་དག་གིས་མངོན་པར་རྩེ་བ་དང་། མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པར་བགྱིད་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། དེ་དག་རྒྱུ་དེ་དང་། གཞི་དེས
137a5 སེམས་ཅན་རྣམས་ལ་མི་དགེ་བ་རྣམ་པ་སྣ་ཚོགས་དག་གིས་གཙེས་ནས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུའང་སྐྱེ་བར་འགྱུར་ལགས་པས། བཅོམ་ལྡན་འདས་དོའི
137a6 སླད་དུ་བདག་དེ་དག་གི་དོན་དང་། སྨན་པ་དང་། བདེ་བ་དང་། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཐོབ་པར་བགྱི་བའི་བར་དང་། སངས་རྒྱས་ཀྱི་ཞིང་དུ་སྐྱེ
137a7 བར་འགྱུར་བ་དང་། སྡིག་པ་ཐམས་ཅད་བཟློག་པར་བགྱི་བའི་སྲད་དུ། དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པར་འཚལ་གྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ནི་མི་མཁྱེན་པ་དང་།
iiif viewer powered by OpenSeadragon
136b - 137b