e-texts navigator
Collection
Volume
Page
Wylie

284b1 ཐོབ་བོ། ། སྲོག་གཅོད་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོན། དེ་དགེ་བའི་རྩ་བ་དེས་བྱང་ཆུབ་ཐོབ་ན་སེམས་ཀྱི་དབང་གིས་ཚེ་ཚད་མེད་པར་འགྱུར་རོ།།
284b2 ཀླུའི་བདག་པོ་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བརྟན་པའི་ཆོས་བཅུ་ཐོབ་བོ།། བཅུ་གང་ཞེ་ན། འདི་ལྟ་སྟེ། ལོངས་སྤྱོད་ཆེ་ཞིང་། དེའི་ལོངས་སྤྱོད་དེ་དག་རྒྱལ་པོ་དང་། རྐུན་པོ་དང་།
284b3 མ་དང་། ཆུ་དང་། མི་མཛའ་བ་དང་། ཉེ་མཚམས་ཀྱིས་མི་འཕྲོགས་པ་ཡིན་ནོ།། སྐྱེ་བོ་མང་པོའི་ཡིད་དུ་འོངས་པས་སྐྱེ་བོ་མང་པོ་དགའ་བ་ཡིན་ནོ།། ཉེ་བའི་ཉོན་མོངས་པ་ཡིན་ནོ།།
284b4 ནོར་འབྲེལ་པ་རྣམས་ལ་ཡིད་བརྟན་ཏུ་རུང་བ་ཡིན་ནོ།། ཕྱོགས་དང་། ཕྱོགས་མཚམས་རྣམས་སུ་དེའི་བསྔགས་པ་བརྗོད་ཅིང་དེ་ལ་ཕ་རོལ་གྱི་གནོད་པའི་འཇིགས་པ་ཐམས་ཅད་མེད་པ་ཡིན་ནོ།། དེའི
284b5 དགེ་བ་བརྗོད་པའི་སྒྲ་དང་། ཚིགས་སུ་བཅད་པ་མངོན་པར་འཕགས་པར་འགྱུར་རོ།། བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འཇུག་སྟེ། ཞུམ་ཞུམ་པོ་མེད་པར་འགྱུར་རོ།། ཚེ་དང་སྟོབས་དང་། ཁ་དོག་དང་བདེ
284b6 བ་དང་། སྤོབས་པ་དང་། ལོངས་སྤྱོད་དང་། ཕྱུག་པ་ཕུན་སུམ་ཚོགས་པ་རབ་ཏུ་འཛིན་པར་འགྱུར་རོ།། དེའི་སེམས་སྦྱིན་པ་ཡང་དག་པར་འགྱེད་པ་ལ་འགྲོ་བར་འགྱུར་རོ།། ལུས་དང་བྲལ་ནས་ཀྱང་བདེ་འགྲོ
284b7 མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱོ་བར་འགྱུར་ཏེ། ཀླུའི་བདག་པོ་དེ་ལྟར་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བརྟན་པའི་ཆོས་བཅུ་པོ་དེ་དག་ཐོབ་བོ།། མ་བྱིན་པར་ལེན་པ་སྤངས་པའི




iiif viewer powered by OpenSeadragon

284a - 285a

Texts on this page

S136 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo