e-texts navigator
Collection
Volume
Page
Wylie

254b1 ཡོངས་སུ་དག་པའི་གཏམ་ལགས་སོ། ། ཆོས་ཐམས་ཅད་ཐ་དད་པ་མ་མཆིས་པའི་གཏམ་ལགས་སོ།། སྨྲས་པ། བུ་མོ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་དང་འཐུན་པ་མ་ཡིན་ནོ།། སྨྲས་པ། བཙུན་པ
254b2 འོད་སྲུངས་ཆེན་པོ་དེ་ནི་མེད་དེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་དང་འཐུན་པ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་བརྗོད་དུ་མ་མཆིས་པ་བསྙད་དུ
254b3 མ་མཆིས་པ་ལགས་པའི་སླད་དུའོ། ། བཙུན་པ་འོད་སྲུངས་ཆེན་པོ་བཤད་པའི་དངོས་པོ་གང་ལགས་པ་དེ་དག་ཐམས་ཅད་ནི་སྒྲས་རྣམ་པར་དབྱེ་བ་ལགས་ལ། བྱང་ཆུབ་གང་ལགས་པ་དེ་ནི་དོན་དམ་པར་སྨྲས་བརྡ་སྤྲད
254b4 པར་མི་ནུས་ལགས་སོ། ། བཙུན་པ་བྱང་ཆུབ་ཅེས་བགྱི་བ་འདི་ནི་ཉེ་བར་ཞི་བའི་གཞི་ལགས་སོ།། འདི་ནི་ཡི་གེ་མ་མཆིས་པའི་གཞི་ལགས་སོ།། འདི་ནི་ཇི་ལྟེ་བ་བཞིན་གྱིས་གཞི་ལགས་སོ།། འདི་ནི་གཞི་མ་མཆིས
254b5 པའི་གཞི་ལགས་སོ། ། སྨྲས་པ། བུ་མོ་གལ་ཏེ་བྱང་ཆུབ་ཀྱི་མཚན་ཉིད་དེ་ལྟ་བུ་ཡིན་ན། དེ་ཇི་ལྟར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སྨྲས་པ། བཙུན་པ་འོད་སྲུངས་ཆེན་པོ་ལུས་དང་སེམས་ཀྱིས་མངོན་པར
254b6 རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། ། དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་ནི་ལུས་དང་སེམས་ཀྱི་ངོ་བོ་ཉིད་ཁོ་ན་ལགས་ཏེ་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ།། སྨྲས་པ། བུ་མོ་ཅི
254b7 ཁྱོད་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རམ། སྨྲས་པ། བདག་ཉིད་བྱང་ཆུབ་ལགས་ཏེ། བྱང་ཆུབ་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ལགས་སོ།། སྨྲས་པ། བུ་མོ་གལ་ཏེ་ཁྱོད་ཉིད




iiif viewer powered by OpenSeadragon

254a - 255a

Texts on this page

S135 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo