| | e-texts navigator
|
249a1 བྱེད་པ་པོ་མེད་པ་ཡིན་ཏེ། དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་མོད་ཀྱི། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་དང་ལྡན་པ་དང་། ངར་འཛིན་པ་དང་། ང་ཡིར་འཛིན་པ་གནས་པ
249a2 རྣམས་སེམས་ཅན་མེད་པ་དག་ལ་སེམས་ཅན་དུ་འདུ་ཤེས་སྐྱེད་པར་བྱེད་དེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྙིང་རྗེ་ཆེན་པོ་བསྐྱེད་ནས། ཕྱིན་ཅི་ལོག་གི་འདུ་ཤེས་སྤོང་དུ་གཞུག་པ་དང་། ངར་འཛིན
249a3 པ་དང་། ང་ཡིར་འཛིན་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར།། བྱང་ཆུབ་ཏུ་གོ་ཆ་གྱོན་པར་ཟད་ཀྱི། སྐྱེས་བུ་དམ་པ་དེ་དག་གིས་སེམས་ཅན་མེད་པ་དང་། གང་ཟག་མེད་པ་མི་ཤེས་པ་ནི་མ་ཡིན་ཏེ། བདག་དང་།།
249a4 སེམས་ཅན་དང་། སྲོག་དང་གསོ་བ་དང་། སྐྱེས་བུ་དང་གང་ཟག་ཏུ་ལྟ་བའི་སེམས་ཅན་དེ་དག་ཡོངས་སུ་གྲོལ་བར་བྱེད་དོ།། ཀླུའི་བདག་པོ་ཁྱོད་འདི་སྐད་དུ་འདི་ལ་ལུང་བསྟན་པ་གང་ལགས་ཤེས་ཟེར་བ་གང
249a5 ཡིན་པ་དེ་ལ་མངོན་སུམ་དུ་ཆོས་ཁོང་དུ་ཆུད་པ་ནི་ལུང་བསྟན་པའོ། ། སེམས་ཅན་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པ་ལ་ངེས་པར་སེམས་པའི་སེམས་དང་ལྡན་པ་ནི་ལུང་བསྟན་པའོ།།
249a6 མ་བྱུང་བ་དང་། མ་སྐྱེས་པ་དང་། རྩ་བ་མེད་པ་དང་། གནས་མེད་པ་ལ་གནས་པ་ནི་ལུང་བསྟན་པའོ།། སེམས་ཅན་ཐམས་ཅད་མཚུངས་པར་བདག་མེད་པ་ལ་མོས་པ་ནི་ལུང་བསྟན་པའོ།། ཆོས་ཐམས
249a7 ཅད་མཚུངས་པར་ཆོས་དབེན་པར་མཐོང་བ་ནི་ལུང་བསྟན་པའོ། ། ཞིང་ཐམས་ཅད་ཞིང་དུ་མཚུངས་པར་ནམ་མཁའ་བཞིན་དུ་དག་ཅིང་དྲི་མ་མེད་པའི་སེམས་དང་ལྡན་པ་ནི་ལུང་བསྟན་པའོ།། ཆོས་ཐམས་ཅད
iiif viewer powered by OpenSeadragon
248b - 249b