| | e-texts navigator
|
244a1 བརྒྱན་ན། དེ་ལྟར་མཐུ་ཆེ་ཞིང་ཕན་ཡོན་ཆེ་ལ། བྱིན་ཆེ་ཞིང་རྒྱ་ཆེ་བར་འགྱུར་རོ།། དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉིད་ཚུལ་ཁྲིམས་ཀྱིས་བརྒྱན་ན། སངས་རྒྱས་ཀྱི་ཆོས
244a2 ཐམས་ཅད་ལ། སྨོན་པ་ཡོངས་སུ་རྫོགས་པར་བྱེད་དོ།། བཟོད་པས་བརྒྱན་ན་མཚན་དང་། དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་གསུང་གི་གདངས་ཡོངས་སུ་རྫོགས་པར་འགྱུར་རོ།། བརྩོན
244a3 འགྲུས་ཀྱིས་བརྒྱན་ན། བདུད་ཕྱིར་རྒོལ་བ་འཇོམས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཐར་ཕྱིན་པར་འགྱུར་རོ།། བསམ་གཏན་གྱིས་བརྒྱན་ན། དྲན་པ་དང་བློ་གྲོས་དང་། རྟོགས་པ་དང
244a4 ངོ་ཚ་ཤེས་པ་དང་། བརྟན་པ་ཡོངས་སུ་དག་པར་འགྱུར་རོ།། ཤེས་རབ་ཀྱི་བརྒྱན་ན། ལྟ་བ་ཐམས་ཅད་ཡང་དག་པར་འཇོམས་པར་འགྱུར་རོ།། བྱམས་པས་བརྒྱན་ན། སེམས་ཅན་ཐམས་ཅད
244a5 དང་ཞེ་འགྲས་པ་མེད་པར་འགྱུར་རོ། ། སྙིང་རྗེས་བརྒྱན་ན། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་འགྱུར་རོ།། དགའ་བས་བརྒྱན་ན། སེམས་ཞུམ་པ་མེད་པར་འགྱུར་རོ།། བཏང
244a6 སྙོམས་ཀྱིས་བརྒྱན་ན། ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོངས་པར་འགྱུར་རོ།། བསྡུ་བའི་དངོས་པོས་བརྒྱན་ན། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ།། དྲན་པ
244a7 ཉེ་བར་གཞག་པས་བརྒྱན་ན། ལུས་དང་། ཚོར་བ་དང་སེམས་དང་། ཆོས་ལ་མཁས་པར་འགྱུར་རོ།། ཡང་དག་པར་སྤོང་བས་བརྒྱན་ན། མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི
iiif viewer powered by OpenSeadragon
243b - 244b