e-texts navigator
Collection
Volume
Page
Wylie

237a1 འགྲོ་བའི་དོན་མཛད་ཉོན་མོངས་སྤོང་མཛད་པ། རྒྱལ་བར་འོས་པ་བདུད་འཇོམས་རྒྱལ་བ་པོ།། སྐྱེ་བ་ཟད་པ་དེ་ཉིད་སྟོན་མཛད་པ།། དགྲ་བཅོམ་དགྲ་ཡི་ཚོགས་རྣམས
237a2 འཇོམ་པ་པོ། ། ལྷ་ལས་འདས་པ་ལྷ་མང་རྣམས་ཀྱིས་མཆོད།། ཁྱོད་ནི་རྟག་ཏུ་བཞེས་པའི་འོས་ཀྱི་མཆོག། སྐྱེ་དགུ་ཀུན་མཆོག་འདྲེན་པ་བཟངས་པོ་ལགས།། དེ་ནས
237a3 ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་ཆེན་པོ་དང་། དྲི་ཟའི་བུ་མོ་དེ་དག་གིས། བཅོམ་ལྡན་འདས་ལ་ཚིགས་སུ
237a4 བཅད་པ་འདི་རྣམས་ཀྱིས་མངོན་པར་བསྟོད་ནས། ། ཐམས་ཅད་ཅིག་ཏུ་འཐུན་པར་གྱུར་པས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། རང་རང་གི་རྒྱན
237a5 རྣམས་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་མཐར་གྱི་རྒྱ་མཚོ་ཆེན་པོ་གཤེགས་ཏེ། རྒྱ་མཚོ་ཆེན་པོའི་གཏིང་གི་དཀྱིལ་གྱི་གནས། ཀླུའི་རྒྱལ་པོ
237a6 རྒྱ་མཚོའི་འཁོར་གྱི་ཁྱམས་བཀོད་པ་ག་ལ་བ་དེར་གཤེགས་ནས། སེང་གེའི་ཁྲི་དེ་ལ་བཞུགས་སོ།། དགེ་སློང་གི་དགེ་འདུན་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྟན་ཇི་ལྟར
237a7 བཤམས་པ་དེ་དག་ལ་འཁོད་དོ། ། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་རྣམས་བཞུགས་པར་རིག




iiif viewer powered by OpenSeadragon

236b - 237b

Texts on this page

S135 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo