e-texts navigator
Collection
Volume
Page
Wylie

235b1 ཆེན་པོ་དང་། སངས་རྒྱས་ཀྱིསང་གེ་བ་སྒྲ་ཆེན་པོས། ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་བདག་ཐ~ཾད་ཀྱིས་ཁྱབ་པར་མཛདདེ། སངས་རྒྱས་ཀྱི་གསུང་གིས་གོ་བར་མཛན་ནས། ནཱ་འདྲམ
235b2 གྱིས་སིམསྟན་དང་། ཀླུའི་དབྱངས་ལེན་ཅིང་། མེ་ཏོག་གི་ཆེར་འབེབས་ལ། ངན་སོང་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ནི་བར་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་བདེ་བ་དང་། ཡིད་རྡེ།
235b3 པབ་བསྒྲུབས་ནས། སྙིང་རྗེ་ཆེན་པོ་བརྟན་པ་ཞེས་བྱ་བའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། བཀོད་པ་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུས། རིན་པོ་ཆེའི་ཐེམ་སྐས་དེ་དག་ལས
235b4 རྒྱ་མཚོ་ཆེན་པོར་གཤེགས་ཏེ། དེ་ལྟ་བུའི་ཀླུ་དབྱངས་ལེན་པ་ན། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པར་གསུང་གིས་གོ་བར་མཛད་ནས། སངས་རྒྱས་ཀྱི་མཐུ་དང་། དེ་བཞིན་གཤེས
235b5 པའི་བྱིན་གྱིས་བརླབས་ཀྱིས། འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་དང་།
235b6 ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས
235b7 དེབཞིན་གཤེགས་པ་ཤཱཀྱ་ཐུབ་པ་རྒྱ་མཚོ་ཆེན་པོར་གཤེགས་པ་མཐོང་ངོ་། ། དེ་ནས་ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། གནོད་སྦྱིན་གྱི་བུ་མོ་དང་། ལྷ་མ་ཡིན་གྱི་བུ་མོ་དང




iiif viewer powered by OpenSeadragon

235a - 236a

Texts on this page

S135 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo