| | e-texts navigator
|
232b1 འདོང་ངོ་། ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར།། ཉན་ཐོས་ཀྱིས་དགེ་འདུན་གྱིས་ནི་མདུན་དུ་བདར།། ལྷའི་ཚོགས་ཀྱིས་ནི་ཕྱག་བྱས
232b2 ལྷ་མ་ཡིན་གྱི་ཚོགས་ཀྱིས་ནི་བསྟོད་དེ། ངང་པའི་རྒྱལ་པོ་བཞིན་དུ་སྟེང་གི་བར་སྣང་ལ་འཕགས་ཏེ་གཤེགས་ནས། འོད་ཟེར་ནི་འགྱེད། སངས་རྒྱས་ཀྱི་ཞིང་རྣམས་ནི་སྣང་བར་མཛད། པདྨའི་ཆར
232b3 ནི་འབེབས། སིལ་སྙན་འབུམ་ནི་སྒྲོགས། ཀླུའི་དབྱངས་འབུམ་ནི་གྲགས་པར་མཛད་དེ། རྒྱ་མཚོའི་འགྲམ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། རྒྱ་མཚོའི་འགྲམ་ན་དགའ་བའི་ཚལ་ལྟར་ཉམས
232b4 དགའ་བ་ཞེས་བྱ་བའི་ཙམ་པ་ཀའི་ཚལ་ག་ལ་བ་དེར་གཞེས་སོ། ། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས
232b5 མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་སོ།། མཆོད་པ་བྱས་ནས་གདུགས་ཚོད་བབ་བོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་འདི་སྙམ་དུ་སེམས་ཏེ། བཅོམ
232b6 ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་བདག་གི་གནས་སུ་གཤེགས་པ་དེ་ནི། བདག་གི་རིགས་པ་མ་ཡིན། ཆ་མ་ཡིན་གྱིས། བདག་གིས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཐེམགས
232b7 ཇི་ལྟ་བུ་དག་གིས་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་གནས་ནས། འཛམ་བུའི་གླིང་དུ་གཤེགས་པ་དེ་ཁོ་ན་ལྟ་བུའི་ཐེམསས་དག་བྱིན་གྱིས་བརླབས་ལ། ཐེམ་སྐས་དེ་དག་ལས་བཅོམ་ལྡན
iiif viewer powered by OpenSeadragon
232a - 233a