| | e-texts navigator
|
229a1 རྒྱལ་བའི་བཀའ་ནི་གཞན་དུ་ཡོངས་མི་འགྱུར། བདེན་པའི་བརྟུལ་ཞུགས་རབ་འབྲེལ་སྟོན་པས་འདིར།། སངས་རྒྱས་ཡེ་ཤེས་གཙོ་བོས་བདག་ལུང་བསྟན།། བདག་ནི་རྒྱལ།
229a2 བར་རང་བྱུང་ཡོན་གནས་འགྱུར།། བདག་ལ་ཡིད་གཉིས་སོམ་ཉི་དོགས་མ་མཆིས།། ཕྱོགས་བཅུ་དག་ཏུ་རིན་ཆེན་ལེགས་སྨྲས་པ།། བྱེ་བ་མཐའ་ཡས་འདྲེན་པ་རྣམས་ལ་ཕུལ།། བྱང་ཆུབ
229a3 སེམས་གཅིག་བསྐྱེད་པ་གང་ལགས་ལ། ། བསོད་ནམས་སྔ་མས་འདི་ཡི་ཆར་མི་ཕོད།། གང་ཞིག་བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱིད།། དེ་ནི་སངས་རྒྱས་མཆོད་པ་མཆོག་ཏུ་འཕགས།།
229a4 གང་ཞིག་འདྲེན་རྣམས་ཚུལ་འདི་མི་གཅོད་པ།། དེ་ནི་སྟོབས་བཅུ་ཀུན་གྱི་བཀའ་དྲིན་བཟོ།། ཀླུའི་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་དེས།། ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་འདི་སྨྲས་པ་ན།
229a5 སྲོག་ཆགས་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་གིས་ཚིག་འདི་སྐད་དུ་གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་དེས
229a6 བྱང་ཆུབ་བརྙེས་པ་དེའི་ཚེ། བདག་ཅག་ཀྱང་བཅོམ་ལྡན་འདས་དེ་དང་ཕྲད་དེ། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་ཅིང་བརྟན་པ་དེར་སྐྱེ་བར་གྱུར་ཅིག། དེ་བཞིན་གཤེས་པ་དེའི་དམ་པའི་ཆོས
229a7 ཡོངས་སུ་འཛིན་ཅིང་མཆོད་པ་དང་། བསྙེན་བཀུར་ཡང་བགྱིད་པར་གྱུར་ཅིག། བཅོམ་ལྡན་འདས་དེའི་འོག་ཏུ་བདག་ཅག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་ཅེས་ཀྱང་སྨྲས་སོ།། །
iiif viewer powered by OpenSeadragon
228b - 229b